མདུན་ཤོག » གསར་གནས། » གསར་འགོད་གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཕྱི་ལོ་ ༢༠༡༧ ལོའི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་གསལ་བསྒྲགས།

Share with your friends










Submit

ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༣ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༧ ལོའི་དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཏཱ་ལའི་བླ་མའི་དགེ་རྩའི་སློབ་ཡོན་གྲངས་ ༡༠༥ ཡོད་པ་ནས་སློབ་ཕྲུག་གྲངས་ ༡༠༠ ལ་ཉེ་བའི་གཙུག་ལག་རབ་འབྱམས་པའམ་ལོ་གསུམ་ཡན་གྱི་ཌིབ་ལོ་མའི་སློབ་ཚན་ (Diploma course) དང་། སློབ་ཕྲུག་གྲངས་ ༥ ལ་གཙུག་ལག་རབ་འབྱམས་པ་བཅས་ཀྱི་སློབ་ཡོན་གནང་རྒྱུ་ཡིན་ན། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཐོག་འཚང་སྙན་འབུལ་བློ་ཡོད་རིགས་རྣམས་ནས་ ༢༠༡༧།༦།༡༥ དང་། གཙུག་ལག་རབ་འབྱམས་པའི་ཐོག་འཚང་སྙན་འབུལ་བློ་ཡོད་རིགས་རྣམས་ནས་ ༢༠༡༧།༨།༣༡ འགྱངས་མེད་གཤམ་གསལ་དགོས་ངེས་ཡིག་ཆ་ཁག་དང་མཉམ་དུ་འཚང་སྙན་འགེངས་ཤོག་བཅས་པ་ངེས་འབུལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས།

ཀ༽ སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན།

ཆ་རྐྱེན་དང་པོ། རྒྱུན་གཏན་སློབ་སྦྱོང་ལེགས་པོ་ཡོད་ལ་ཐོན་རྒྱུགས་སྐབས་བརྒྱ་ཆ་མཐོ་པོ་བླངས་མ་ཐུབ་པ།
ཆ་རྐྱེན་གཉིས་པ། སྤྱི་དོན་སེམས་ཁུར་དང་། ལྷག་བསམ། དྲང་བདེན། ཡ་རབས་སྤྱོད་བཟང་བཅས་ལྡན་པ།
ཆ་རྐྱེན་གསུམ་པ། དྭ་ཕྲུག་དང་། ཕྱེད་དྭ་ཕྲུག དབུལ་ཕོངས་ཉམ་ཐག་ཅན་གྱི་ཁྱིམ་ཚང་གི་ཕྲུ་གུ་བཅས།

ཁ༽ ཉེ་བའི་གཙུག་ལག་རབ་འབྱམས་པའི་འཚང་སྙན་འབུལ་ཕྱོགས་སྐོར།

༡། སློབ་ཕྲུག་སོ་སོས་འགེངས་ཤོག་དང་པོ་ཞིབ་བཀང་ཐོག་གཤམ་གསལ་དོན་ཚན་གང་ལ་འབྲེལ་བ་ཆགས་པ་དེའི་རྒྱབ་གཉེར་ཡིག་ཆ་མཉམ་འབུལ་ངེས་པར་དགོས་རྒྱུ།
༢། གལ་ཏེ་དོན་ཚན་ཀ་པའི་ཆ་རྐྱེན་དང་པོ་དང་གཉིས་པ་གང་རུང་ཐོག་འཚང་སྙན་འབུལ་མཁན་ཡིན་ན། འགེངས་ཤོག་གཉིས་པ་རང་ཉིད་ཀྱི་སློབ་གྲྭ་ནས་ཞུ་དགོས།
༣། གལ་ཏེ་དོན་ཚན་ཀ་པའི་ཆ་རྐྱེན་གསུམ་པའི་ཐོག་འཚང་སྙན་འབུལ་མཁན་ཡིན་ན། འགེངས་ཤོག་གསུམ་པ་ས་གནས་འགོ་འཛིན་ནས་ཞུ་དགོས།

ག༽ གཙུག་ལག་རབ་འབྱམས་པའི་འཚང་སྙན་འབུལ་ཕྱོགས་སྐོར།

༡། གཙུག་ལག་རབ་འབྱམས་པའི་འཚང་སྙན་འབུལ་བློ་ཡོད་རིགས་རྣམས་ནས་འགེངས་ཤོག་ཨང་དང་པོ་ཞིབ་བཀང་ཐོག་དགོས་
ངེས་ཡིག་ཆ་ཁག་མཉམ་འབུལ་དགོས་རྒྱུ།

ང༽ འཚང་སྙན་འགེངས་ཤོག་མཉམ་གཤམ་གསལ་ཡིག་ཆ་ཁག་གི་ངོ་བཤུས་ངེས་འབུལ་དགོས་རྒྱུ།

༡། འཛིན་རིམ་བཅུ་པ་དང་། བཅུ་གཉིས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ཨང་ཤོག (Marks sheet) མཉམ་སྦྱར་དགོས་རྒྱུ། གལ་ཏེ་བཅིུས་ཀྱི་ཡིག་རྒྱུགས་གྲུབ་འབྲས་ལག་ཐོབ་བྱུང་མེད་ཚེ་སློབ་གྲྭའི་ཡིག་རྒྱུགས་ཨང་གྲངས་ (Roll No.) འགེངས་ཤོག་ཐོག་བཀོད་དགོས་རྒྱུ།
༢། གལ་ཏེ་གཙུག་ལག་རབ་འབྱམས་པའི་སློབ་ཚན་ (Master or Equivalent) ཁོངས་སུ་འཚང་སྙན་འབུལ་མི་ཡིན་ན་འཚང་སྙན་མཉམ་སོ་སོའི་ཉེ་བའི་གཙུག་ལག་རབ་འབྱམས་པའི་ (Bachelor) ལོ་རིམ་དང་པོ་ནས་མཐའ་མའི་བར་གྱི་ཡིག་རྒྱུགས་ཨང་ཤོག་འབུལ་དགོས།
༣། སློབ་གྲྭའི་ནང་བུམ་སྐྱོན་གསུམ་བྲལ་གྱི་བྱ་དགའ་ཐོབ་ཡོད་ཚེ་ལག་འཁྱེར་གྱི་ངོ་བཤུས། (Best Boy/Girl Award)
༤། ཕ་མ་བོད་ནང་ཡོད་པའམ། འདས་གྲོངས། ཁ་བྲལ་སོང་བ་ཡིན་ཚེ་འབྲེལ་ཆགས་ས་གནས་འགོ་འཛིན་ནམ་ཤེས་རིག་ཁྱབ་
ཁོངས་ཉུང་མཐར་འཛིན་རིམ་བཅུ་པའི་སློབ་གྲྭའི་དབུ་འཛིན་དང་རེག་ཊར་སུ་རུང་ནས་ཕ་མའི་གནས་སྟངས་རྒྱབ་གཉེར་དགོས།

ཅ༽ ཐུགས་སྣང་དགོས་པའི་གནད་དོན་གཞན་ཁག

༡། འཛིན་རིམ་བཅུ་པའམ་བཅུ་གཉིས་གང་རུང་ནང་བོད་ཀྱི་སྐད་ཡིག་ཐོག་སློབ་སྦྱོང་བྱས་མེད་པ་རྣམས་ནས་སློབ་ཡོན་འགེངས་ཤོག་འབུལ་ཐུས་ཀྱང་། འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཡིག་རྒྱུགས་འདི་ག་ཤེས་རིག་ལས་ཁུངས་སམ། རྒྱ་བོད་འབྲུག་གསུམ་གི་ནང་ས་གནས་འགོ་འཛིན་ལས་ཁུངས་སུ་གོ་སྒྲིག་ཞུ་རྒྱུ་དང་ཉུང་མཐར་བརྒྱ་ཆ་ ༣༣ ལོན་དགོས། ཡིག་རྒྱུགས་ཀྱི་དུས་
ཚེས་འཚང་སྙན་འབྱོར་མཚམས་འབྲེལ་ཡོད་སོ་སོར་བརྡ་ལན་བྱ་རྒྱུ།
༢། སློབ་ཡོན་ཉིས་ལྡབ་ལེན་མི་ཆོག་ཀྱང་།རོགས་ཚོགས་དང་སྒེར་ཁག་ནས་སློབ་ཡོན་ཁ་སྣོན་ཞུས་ཐོབ་བྱུང་བའི་ཁུངས་ལྡན་དན་རྟགས་ཁ་གསལ་ཕུལ་ཚེ་དམིགས་བསལ་དགོངས་བཞེས་ཡོང་རྒྱུ་ཡིན།
༣། འགེངས་ཤོག་དང་པོའི་མཉམ་དུ་འབུལ་དགོས་པའི་རྒྱུགས་སྤྲོད་ཨང་ཤོག་དང་ལག་འཁྱེར་གཞན་གྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་ནམ། ཟུང་དྲུང་གནས་རིམ་ཡན་གྱི་སྲི་ཞུ་བ། ཡང་ན་ཤེས་རིག་ཁྱབ་ཁོངས་ཉུང་མཐར་འཛིན་རིམ་བཅུ་པ་ཡོད་པའི་སློབ་གྲྭའི་དབུ་འཛིན་དང་རེག་ཊར་སུ་རུང་ནས་ཞིབ་བཤེར་སོང་བའི་དག་མཆན་འཁོད་དགོས།
༤། ལས་རིགས་སློབ་སྦྱོང་ (Vocational Course) གྲས་ལ་སློབ་ཡོན་གནང་རྒྱུ་མིན།
༥། གསལ་བསྒྲགས་ཀྱི་དོན་ཚན་ ཀ༽ སློབ་ཡོན་ཞུ་ལེན་གྱི་དགོས་ངེས་ཆ་རྐྱེན་གྱི་ནང་གསེས། ༣། དབུལ་ཕོངས་ཉམ་ཐག་གི་ཨང་གྲངས་ཅན་ཕུད་གཞན་སྡེ་ཚན་ཁག་སོ་སོ་ནས་འཚང་སྙན་འགེངས་ཤོག་མཉམ་སློབ་ཡོན་དེབ་སྐྱེལ་ཞུ་དོད་ཆེད་ཧིན་སྒོར་ ༢༠༠ ཤེས་རིག་ལས་ཁུངས་ཀྱི་དེབ་བསྐྱེལ་ཚོགས་པའི་ (Tibetan Children’s Educational and Welfare Fund) མཚན་ཐོག་ཌབ་འཛིན་བཟོས་ཏེ་འབུལ་དགོས།
༦། དུས་བཀག་གི་ཉིན་གྲངས་ ༡༤ སྔོན་ཚུད་འཚང་སྙན་ཕུལ་འབྱོར་བྱུང་བ་རྣམས་ལ་དགོས་ངེས་ཡིག་ཆ་མ་ཚང་བའི་གནས་ཚུལ་ཡོད་ཚེ་བརྡ་ལན་གཏོང་རྒྱུ་ཡིན་ཡང་། ཆ་རྐྱེན་ཚང་མིན་གྱིས་འགན་འཁུར་དོ་བདག་སོ་སོ་ནས་འཁྱེར་དགོས།
༧། དོ་བདག་དང་ཕ་མའི་དང་བླངས་དཔྱ་དངུལ་ཕྱི་ལོ་ ༢༠༡༦ གཙང་ཕུལ་ཟིན་མིན་དང་།
༨། རྒྱ་གར་ནང་སྐྱབས་བཅོལ་ལག་དེབ་ཁྲིམས་མཐུན་དུས་འགྱངས་ཡོད་མེད་སོགས་འབྲེལ་ཡོད་ས་གནས་འགོ་འཛིན་ནས་ཞིབ་བཤེར་གྱིས་འགེངས་ཤོག་ནང་དག་མཚན་བཀོད་པས་འཐུས་པ་ལས་ཡིག་ཆ་འདི་དག་གི་ངོ་བཤུས་ཤེས་རིག་ལས་ཁུངས་སུ་འབུལ་མིདགོས། བལ་ཡུལ་དང་འབྲུག་ཁུལ་གནས་སྡོད་སྙན་འབུལ་བ་ཡིན་ན་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པ་ངོས་འཛིན་ཐུབ་སླད་ས་གནས་འགོ་འཛིན་ནས་ཞིབ་འཇུག་གིས་བོད་མི་སྐྱབས་བཅོལ་བ་དངོས་འབྲེལ་ཡིན་པའི་ངོས་སྦྱོར་ངེས་འབུལ་དགོས།
༩། འཚང་སྙན་འགེངས་ཤོག་དང་དགོས་ངེས་ཡིག་ཆ་ཁག་དམ་དོན་གྱིས་གཤམ་གསལ་ཁ་བྱང་ཐོག་དུས་བཀག་ནང་ཚུན་ངེས་འབུལ་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༣༡ ལ།།

Secretary (DLT 2017)
Department of Education CTA
Gangchen Kyishong Dharamsala – 176 215
District – Kangra Himachal Pradesh

དྭོགས་འདྲི་ཞུ་ཡུལ།

༡། ངག་དབང་ཡོན་ཏན།
༢། ཚེ་རིང་ཆོས་འཛོམས།
༣། བསྟན་འཛིན་གཡུ་མཚོ།
Phone: +91-1892-226695, 222572, 222721
E-mail: doe.lobyon@tibet.net & scholarship@tibet.net
Website: www.sherig.org/en/
Facebook: www.facebook.com/doe.lobyon/

Share with your friends










Submit