མདུན་ཤོག » གསར་གནས། »

དཔལ་ས་སྐྱ་པའི་སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་མོན་གྷོ་གཞིས་ཆགས་སུ་ཆོས་འབྲེལ་བསྐྱངས་པ།

༢༠༡༧ ཟླ་ ༤ ཚེས་ ༡༨ རེས་གཟའ་མིག་དམར།

༄༅། །འདི་གར་བོད་མི་མང་དགེ་ལུགས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ནས་ཕྱི་ལོ་༢༠༡༧ ཟླ་༤ ཚེས་༡༧ ཉིན་བཏང་གནས་ནང་འཁོད་དོན།   རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་དཔལ་ས་སྐྱ་གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག འཕགས་ཡུལ་ལྷོ་ཕྱོགས་སུ་ཡོད་པའི་དགའ་ལྡན་ཁྲི་ཐོག་ཁང་དང་། གདན་ས་དགའ་ལྡན་དང་། འབྲས་སྤུངས། གྲྭ་ཚང་ཤར་རྩེ་དང་། བྱང་རྩེ། བློ་གསལ་གླིང་། སྒོ་མང་བཅས་ཀྱི་ཚོགས་མགོན་དུ་ཤར་བ་ཆོས་རྗེ་རིན་པོ་ཆེ་མཆོག་གི་དབུས། གྲྭ་ཁག་གི་མཁན་ལས་ཟུར་རྣམ་པ། དགེ་འདུན་འདས་མང་ཡོང་ནས་ཕེབས་བསུ་རྒྱ་ཆེན་གནང་བར་མ་ཟད།

དེ་རིང་ཕྱི་ལོ་༢༠༡༧ ཟླ་༤ ཚེས་༡༧ ཉིན་སྐྱབས་རྗེ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ་མཆོག་གིས་གསོལ་འདེབས་ཞུས་དོན་ལྟར་དུ། དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཚོགས་ཁང་ཆེ་མོའི་ནང་དུ་གདན་སའི་མཁན་ལས་ཟུར་རྣམ་པའི་གཙོས་བླ་སྤྲུལ་དགེ་བཤེས་དད་ལྡན་སྟོང་ཚོ་མང་པོར་དྲག་པོ་གསུམ་སྦྲེལ་གྱི་རྗེས་གནང་དང་།

ཆོས་རྗེ་ས་སྐྱ་པཎྜི་ཏས་མཛད་པའི་སྡེ་བདུན་མདོ་དང་བཅས་པའི་དགོངས་འགྲེལ་བསྟན་བཅོས་ཚད་མ་རིགས་གཏེར་གྱི་ལྗགས་ལུང་བཀའ་དྲིན་བསྩལ།།

Share with your friends










Submit