མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་རྒྱ་མཚོ་དང་རི་བོ་སྔོན་པོ་ཞེས་པའི་དཔེ་དེབ་དབུ་འབྱེད་མཛད་པ།

༢༠༡༧ ཟླ་ ༤ ཚེས་ ༡༠ རེས་གཟའ་ཟླ་བ།

_DIR7813༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡༠ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡།༣༠ ཙམ་ལ་ཀ་ལ་དབང་པོའི་ཚོགས་ཁང་དུ་འཇིག་རྟེན་གྱི་བདེ་སྐྱིད་དང་བཟང་སྤྱོད་སྐོར་བཀའ་སློབ་སྩལ། སྐབས་དེར་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། རྟ་དབང་གྲོས་ཚོགས་འཐུས་མི་ཚེ་རིང་བཀྲ་ཤིས་མཆོག ཆོས་རིག་འགན་འཛིན་འཇམ་དཔལ་དབང་འདུས་མཆོག རླུང་ལྷའི་ Lumla ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་འཇམ་དཔལ་བཀྲ་ཤིས་མཆོག དེ་བཞིན་རྟ་དབང་དགོན་པའི་མཁན་ལས་ཟུར་དང་། རྟ་དབང་རྫོང་དཔོན་སངས་ཕུན་ཚོགས་མཆོགབླ་སྤྲུལ་ཁག་གཅིག རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ RK Khirmey མཆོག དེ་བཞིན་ཚོགས་བཅར་བ་མི་གྲངས་ ༢༠༠༠ བརྒལ་བ་བཅར་འདུག  དེ་ཡང་ཐོག་མར་རྟ་དབང་ས་གནས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཚེ་རིང་བཀྲ་ཤིས་མཆོག་གིས་ཕེབས་བསུའི་གསུང་བཤད་གནང་། དེ་རྗེས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གིས་མངའ་སྡེའི་དྲན་རྟེན་ཕྱག་རྟགས་མཐོ་ཤོས་ Souvenir དེ་༸གོང་ས་མཆོག་ལ་འབུལ་ལམ་ཞུས།

Ethics2དེ་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག ཆོས་རིགས་འགན་འཛིན་མཆོག རྟ་དབང་ས་གནས་གྲོས་ཚོགས་འཐུས་མི་བཅས་སྡིངས་ཆའི་ཐོག་ཕེབས་ཏེ་༸གོང་ས་མཆོག་ལ་དཔེ་དེབ་དབུ་འབྱེད་མཛད་རྒྱུའི་གསོལ་འདེབས་ཞུས་པ་ལྟར་མགོན་པོ་གང་ཉིད་མཆོག་ཐུགས་ཧ་ཅང་དགྱེས་ཚོར་ཆེན་པོས་རྒྱ་མཚོ་དང་རི་བོ་སྔོན་པོ། The Ocean and the Blue Mountains ཞེས་པ་ཨིན་བོད་གཉིས་ནང་ཡོད་པའི་པར་རིས་དཔེ་དེབ་ཁག་དབུ་འབྱེད་མཛད། དེ་ཡང་མངའ་སྡེའི་ཆོས་རིག་དྲུང་ཆེ་བསོད་ནམས་ཆོས་འཕེལ་ལགས་ཀྱིས་སྐབས་དེར་དཔེ་དེབ་དེ་དག་ངོ་སྤྲོད་ཞུ་དོན་དུ། དཔེ་དེབ་དེ་མངའ་སྡེའི་ཆོས་རིག་ལས་ཁུངས་ནས་འདོན་སྤེལ་གནང་བ་ཞིག་དང་། དེབ་ཀྱི་མིང་བྱང་དུ། རྒྱ་མཚོ་དང་རི་བོ་སྔོན་པ། ཞེས་པའི་གོ་དོན་ནི། རྒྱ་མཚོ་ཞེས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཚོན་པ་དང་། རི་བོ་ཞེས་པས་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེ་མཚོན་ཞིང་། དེ་ཡང་པར་རིས་ཀྱི་དཔེ་དེབ་དེའི་ནང་༸གོང་ས་མཆོག་ཐོག་མར་རྒྱ་གར་ནང་་བཙན་བྱོལ་དུ་ཆིབས་སྒྱུར་སྐྱོང་སྐབས་ཨ་རུ་ནཱ་ཅལ་པར་དེ་ཤི་མངའ་སྡེའི་ནང་གི་མོན་ཡུལ་ས་ཐོག་ཏུ་༸ཞབས་སོར་འཁོད་གནང་མཛད་པ་ནས་བཟུང་། ད་བར་མི་ལོ་ ༥༨ རིང་༸གོང་ས་མཆོག་དང་ཨ་རུ་ནཱ་ཅལ་པར་དེ་ཤིའི་མངའ་སྡེ་མི་མང་སྤྱི་དང་། ལྷག་པར་མོན་ཡུལ་མི་མང་རྣམས་དང་ཐུན་མོང་མིན་པའི་འབྲེལ་བ་ཡོད་པ་དེ་དག་སྐོར་ཡིན་སྐོར་སྙན་སྒྲོན་ཞུས་ཡོད་པ་བཅས།།

Share with your friends










Submit