མདུན་ཤོག » གསར་གནས། »

བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་ ༡༦ པའི་གྲོས་ཚོགས་ཚོགས་དུས་གསུམ་པའི་ཉིན་དྲུག་པའི་གནས་ཚུལ།

༢༠༡༧ ཟླ་ ༣ ཚེས་ ༢༡ རེས་གཟའ་མིག་དམར།

unnamed༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན།  ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༠ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དབུ་བཞུགས་ཀྱིས་གྲོས་ཚོགས་ལས་ཉིན་དྲུག་པ་དབུ་འཛུགས་གནང་སྟེ།

unསnamedཐོག་མར་ཚོགས་གཙོ་མཆོག་ནས་ཚེས་ ༡༨ ཉིན་ཁམས་ཉག་རོང་མཚོ་ཁ་དགོན་པའི་ལྷ་སྡེར་གཏོགས་པ་ཕྱ་ཡུལ་གྲོང་པའི་ཕ་དབང་རྒྱལ་དང་མ་ཡུལ་ལྷ་གཉིས་ཀྱི་བུ་རང་ལོ་ ༢༤ ཡིན་པ་པདྨ་རྒྱལ་མཚན་ནམ། བསྡུས་མིང་ལ་(པད་རྒྱལ)ཞུ་བས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་གནང་བའི་གནད་དོན་གྲོས་ཚོགས་སུ་སྙན་སེང་གནང་ཡོད། ལས་རིམ་ནང་གསལ་ལྟར་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་སྔོན་རྩིས་ཐོག་ཀྱི་བགྲོ་གླེང་གཏན་འབེབས་གནང་།

Self_Immolation-2-768x538

རྒྱལ་གཅེས་པ་པདྨ་རྒྱལ་མཚན་ལགས།

དེ་ནས་ཉིན་རྒྱབ་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་གོ་རིམ་བཞིན་འཕྲོད་བསྟེན་ལས་ཁུངས་ཀྱི་སྔོན་རྩིས་ཐོག་བགྲོ་གླེང་དང་། གཏན་འབེབས་གནང་མུས་ཡིན་པའི་གནས་ཚུལ་དུ།།

Share with your friends










Submit