མདུན་ཤོག » གསར་གནས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཕྱི་དྲིལ་འགྲེམས་སྟོན་ཁང་དུ་ཆོད་གན་ས་མིག་གསལ་བསྒྲགས།

འ༢༠༡༧ ཟླ་ ༣ ཚེས་ ༧ རེས་གཟའ་མིག་དམར།

༄༅། །ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་གསར་རྒྱག་ལས་གཞིའི་ལས་རོགས་ (Production and Collection Assistant) ཤིག་ལོ་གཅིག་རིང་ཆོད་གན་ས་མིག་ཐོག་བསྐོ་གཞག་བྱ་རྒྱུ་ཡིན་ན། ཞུགས་བློ་ཡོད་རིགས་ནས་འཚང་སྙན་འབུལ་ཕྱོགས་ཀྱི་ལམ་སྟོན་གཤམ་གསལ།

 

འགྲེམས་སྟོན་གསར་རྒྱག་ལས་གཞིའི་ལས་རོགས།

 

༡༽  ས་མིག་གྲངས། ༡

༢༽   རང་ལོ་ ༢༥ ནས་ ༤༠ བར།

༣༽  ཆ་རྐྱེན།

ཉུང་མཐར་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་དགོས། གཙུག་ལག་རབ་འབྱམས་པ་ཐོན་ཚེ་དམིགས་བསལ་ཡོད།

བོད་ཨིན་གཉིས་རང་སྐྱ་འཕེར་བ་དགོས།

ཉུང་མཐར་ལོ་གཉིས་ལས་ཀའི་ཉམས་མྱོང་ཡོད་པ།

དགོས་མཁོ་ནམ་བྱུང་ཚེ་རྒྱ་གར་རྒྱལ་ཡོངས་ས་ཁུལ་འདྲ་མིན་ནང་ཕྱོགས་བསྐྱོད་དུ་ཕེབས་ཐུབ་པ་དགོས།

༤༽ ལས་ཀའི་ངོ་བོ།

༡༽སྤྱི་ཡོངས་འགྲེམས་སྟོན་གསར་རྒྱག་ལས་གཞིའི་ཐོག་འགྲེམས་སྟོན་འགན་འཛིན་ལ་ཕྱག་རོགས་ཞུ་དགོས།

༢༽འགྲེམས་སྟོན་ཇུ་འགོད་པ་དང་འབྲེལ་བ་ཞུ་རྒྱུ་དང་གཞན་ལས་འཆར་དང་འབྲེལ་བའི་ཡིག་འབྲེལ་འགན་ཁུར་ཞུ་རྒྱུ།

༣༽འགྲེམས་སྟོན་གསར་རྒྱག་ལས་འཆར་དང་འབྲེལ་བའི་འཆར་གཞི་དང་སྔོན་རྩིས་བཟོ་རྒྱུ། རོགས་ཚོགས་ཁག་ལ་དུས་ཐོག་སྙན་ཐོ་བཟོ་འབུལ་ཞུ་རྒྱུ།

༤༽བོད་ཀྱི་ལོ་རྒྱུས་དང་རིག་གཞུང་གི་དངོས་རྫས་མཁོ་སྒྲུབ་དང་བདག་ཉར་བྱེད་རྒྱུ།

༥། དངོས་རྫས་མཁོ་སྒྲུབ་ཞུས་པ་རྣམས་ཀྱི་རྒྱབ་ལྗོངས་ལོ་རྒྱུས་ཐོ་འགོད་བྱ་རྒྱུ།

༦། ཕྱི་ནས་ཞལ་འདེབས་བྱུང་བའམ་གཡར་པོ་ཞུས་པའི་དངོས་རྫས་རྣམས་གཅེས་ཉར་དང་དུས་ཐོག་འགྲེམས་སྟོན་ཞུ་རྒྱུ།

༧༽ལས་འཆར་ཚན་པའི་ལས་དོན་དང་འབྲེལ་བའི་ཚོགས་འདུ་གོ་སྒྲིག་ཞུ་རྒྱུ།

༨༽འགྲེམས་སྟོན་ཁང་གསར་པའི་ནང་འགྲེམས་སྟོན་སྒྲིག་གཤོམ་སྐབས་ལས་རོགས་ཞུ་རྒྱུ།

༩། འགྲེམས་སྟོན་གསར་རྒྱག་ལས་འཆར་དང་འབྲེལ་མཁས་ལས་པ་དང་། སྒྱུ་རྩལ་བ་དང་། འགྲེམས་སྟོན་འཆར་འགོད་པ་དང་ཇུ་འགོད་པ། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་འབྲེལ་བ་ཞུ་རྒྱུ།

༥༽ དགོས་ངེས་ཡིག་ཆ།

༡། སྙན་ཞུ་དང་དོ་བདག་ཀྱི་ལོ་རྒྱུས་སྙིང་བསྡུས། Resume with cover letter

༢། ཤེས་ཚད་ཨང་ཤོག་དང་ལག་འཁྱེར་ (Marks Sheet and Degree Certificate) གྱི་ངོ་བཤུས།

༣། དང་བླངས་དཔྱ་དངུལ་ལག་དེབ་ཀྱི་ཤོག་བུ་དང་པོ་དང་གཉིས་པ། སྒྲིག་མཐུན་དཔྱ་དངུལ་འབུལ་འབབ་ཕྱི་ལོ་ ༢༠༡༧།༣།༣༡ བར་གཙང་ཕུལ་ཟིན་པའི་དཔྱ་དེབ་ཀྱི་ཤོག་གྲངས་མཐའ་མའི་ངོ་བཤུས།

༤། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ (RC) གྱི་ཤོག་གྲངས་དང་པོ་དང་ཁྲིམས་མཐུན་དུས་འགྱངས་ཞུས་པའི་ཤོག་བུ་མཐའ་མའི་ངོ་བཤུས།

༥། བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་སྨན་ཁང་གང་རུང་ནས་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་པར་མཉམ་སྦྱར་ཐོག་སྨན་པའི་ལས་དམ་དང་ས་རྟགས་འཁོད་པ་ངོ་མ།

༦། འབྲེལ་ཡོད་ས་གནས་འགོ་འཛིན་ནས་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།

༧། སྡེ་ཚན་གཞན་དུ་ལས་ཀ་བྱེད་མུས་ཡིན་ཚེ་ལས་ཡུལ་སྡེ་ཚན་ནས་དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་ཡོད་དགོས།

འཚང་སྙན་དང་ཡིག་ཆ་ཁག་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༧ ནང་ཚུན་དུས་ཐོག་ཕུལ་འབྱོར་ཁག་ལ་འདེམས་སྒྲུག་ཚོགས་ཆུང་ནས་ཞིབ་འཇུག་དང་སྦྲགས་འོས་ཆོས་ལྡན་པ་ཚོར་འདེམས་རྒྱུགས་ཀྱི་ཚེས་སྐབས་མཚམས་འབོད་བརྡ་བྱ་རྒྱུ་ཡིན་པས་སྐབས་བསྟུན་ལག་འཁྱེར་དང་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་བཅས་ཀྱི་ཡོངས་ཁྱབ་གསལ་བསྒྲགས་སུ།     ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༧ ལ།།

འབྲེལ་གཏུག་བྱ་ཡུལ།

Tashi Phuntsok
Director
The Tibet Museum
Department of Information and International Relations
Central Tibetan Administration
Gangchen Kyishong
Dharamsala 176215
H.P. India

www.tibetmuseum.org

Follow us on:
facebook.com/thetibetmuseum
twitter.com/TibetMuseum
youtube.com/thetibetmuseum
tibetmuseum.blogspot.in
flicker.com/tibetmuseum
slideshare.net/thetibetmuseum