མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ལས་འགུལ་གྱི་ཚོགས་མགོན་དུ་ཆིབས་སྒྱུར་བསྐྱངས་ནས་བཀའ་སློབ་སྩལ་བ།

༢༠༡༧ ཟླ་ ༣ ཚེས་ ༢༠ རེས་གཟའ་ཟླ་བ།

2017-03-19-Bhopal-GG03_OHH0355༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༡༩ རེས་གཟའ་ཉི་མའི་ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་མདྱ་པྲ་དེ་ཤིའི་ Madhya Pradesh མངའ་སྡེའི་དེ་བ་སིའི་ Dewas རྫོང་གི་ཏར་ནལ་ Turnal གྲོང་ཚོའི་ནང་ཆིབས་སྒྱུར་བསྐྱངས་ནས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཤིབ་རཱཇ་སིངྒ་ཅོ་ཧཱན་ Shivraj Singh Chouhan མཆོག་དང་མཇལ་འཕྲད་མཛད་པ་མ་ཟད།  ཁུལ་དེར་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཀྱི་གོམ་བགྲོད་ལས་འགུལ་  Namami Devi Narmade-Sewa Yatra   ཞེས་པའི་ཚོགས་མགོན་དུ་ཇི་ལྟར་གདན་ཞུའི་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཏེ་གོ་ལའི་ཁོར་ཡུག་སྲུང་སྐྱོབ་དང་བདེ་སྐྱིད་ཀྱི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་དོན།

2017-03-19-Bhopal-GG10_OHH0261རྒྱ་གར་སྤྱི་ཡོངས་ཀྱི་གནས་སྟངས་ཡར་རྒྱས་འགྲོ་རྒྱུར་སྔོན་ལ་གྲོང་ཁྱེར་ཆེ་ཁག་དེ་དག་ལས་གྲོང་གསེབ་ས་ཁུལ་ཁག་ཡར་རྒྱས་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  རྒྱ་གར་ཡུལ་གྱི་དཔལ་འབྱོར་ལམ་ལུགས་འདི་གཙོ་ཆེ་ཞིང་པའི་ཐོན་ཁུངས་ལ་བརྟེན་པ་ཞིག་ཡིན་སྟབས་སོ་ནམ་པ་གྲོང་གསེབ་ཀྱི་ས་ཁུལ་ཡར་རྒྱས་བཏང་ནས་སྤྱི་ཡོངས་རྒྱ་གར་གྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་གནང་དགོས་པ་ཧ་ཅང་གལ་ཆེན་པོ་རེད།  གྲོང་གསེབ་ས་ཁུལ་ཁག་ཏུ་གཙོ་ཆེ་འཕྲོད་བསྟེན་དང་ཤེས་ཡོན་སོགས་གཞི་རིམ་ཐུན་རྐྱེན་གྱི་གནས་སྟངས་ཐད་ཤུགས་རྒྱག་དགོས་པ་དང་། གྲོང་གསེབ་ས་ཁུལ་ཁག་ཏུ་དགོས་ངེས་གཞི་རིམ་གྱི་ཆ་རྐྱེན་དེ་དག་མཐུན་འགྱུར་སྦྱར་ཏེ་རྒྱ་གར་སྤྱི་ཡོངས་ཀྱི་གནས་སྟངས་ཡར་རྒྱས་གཏོང་ཐབས་བྱ་རྒྱུ་ལས་གཞན་ཐབས་ལམ་མེད། ཅེས་དང་།

གཞན་ཡང་བུད་མེད་རྣམས་ལ་སྤྱི་ཚོགས་ཀྱི་ལས་གཞི་འདྲ་མིན་ཐོག་ནུས་པ་མཉམ་སྤུངས་ བྱ་རྒྱུའི་གོ་སྐབས་ནུས་སྟོབས་སྤེལ་དགོས་པའི་སྐོར་ལ་བཀའ་སློབ་སྩལ་དོན། བུད་མེད་རྣམས་ཕུང་པོའི་གྲུབ་ཆའི་སྟེང་ནས་གཞན་གྱི་སྡུག་བསྔལ་ལ་མི་བཟོད་པའི་ཚོར་བ་དང་བྱམས་བརྩེའི་བསམ་བློ་ཤུགས་ཆེ་བ་ཡོད། དེར་བརྟེན་བུད་མེད་ཚོས་འགན་མང་ཙམ་འཁྱེར་ཐུབ་པ་ཡིན་ན་འཛམ་གླིང་ནང་ཕྲན་བུ་ཞི་བདེ་བརྟན་ལྷིང་ཆེ་བ་ཡོང་རྒྱུ་རེད། ཅེས་དང་། གཞན་ཡང་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་དང་འབྲེལ་བའི་སྐོར་བཀའ་སློབ་སྩལ་དོན།  འདི་ག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་གི་རྒྱུག་ཆུ་སྲུང་སྐྱོབ་ཀྱི་ལས་གཞིར་བསྔགས་བརྗོད་ཞུ་རྒྱུ་ཡིན།    ང་ཚོས་གོ་ལ་སྤྱི་ཡོངས་ཀྱི་གནས་སྟངས་ཐོག་ལ་བསམ་བློ་གཏོང་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་དང་། 2017-03-19-Bhopal-GG11-DSC05680ལྷག་པར་དེང་སྐབས་གོ་ལའི་ཚ་དྲོད་རྒྱས་བཞིན་པ་སོགས་ཁོར་ཡུག་ཉམས་ཆག་འགྲོ་བཞིན་པའི་དཀའ་ངལ་འདི་འཛམ་གླིང་སྤྱིའི་དཀའ་ངལ་ཞིག་ཡིན་སྟབས་ངེས་པར་དུ་དེའི་ཐོག་ང་ཚོས་བསམ་བློ་གཏོང་དགོས་པ་ཆགས་ཡོད།  དེར་བརྟེན་འདི་ག་སྤྱི་ཁྱབ་བློན་ཆེན་མཆོག་གིས་ནར་མ་ད་རྒྱུག་ཆུ་སྲུང་སྐྱོབ་ཐོག་ལས་འགུལ་འདི་འདྲ་སྤེལ་བ་བརྒྱུད་ཁོར་ཡུག་སྲུང་སྐྱོབ་ཐོག་འབད་བརྩོན་གནང་བཞིན་པ་འདིའི་ཐོག་མང་ཚོགས་རྣམས་ཀྱིས་ཆ་ཤས་བླངས་ནས་ལས་འགུལ་འདི་ལམ་ལྷོངས་ལྡན་པ་ཞིག་ཡོང་ཐུབ་ཐབས་གནང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོའི་ཕ་མེས་ཡང་མེས་ཚོ་འཛམ་གླིང་འདིའི་སྒང་འཚོ་གནས་བྱས་པ་ལྟར་ང་ཚོ་ཡང་ད་ལྟ་གོ་ལ་འདིའི་སྟེང་འཚོ་དགོས་པ་མ་ཟད། འབྱུང་འགྱུར་མི་རབས་ཚོ་ཡང་གོ་ལ་འདིའི་ཐོག་མུ་མཐུད་འཚོ་གནས་བྱེད་དགོས་པ་ལས་འདམ་ག་གཞན་མེད། དེར་བརྟེན་ང་ཚོས་གོ་ལའི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པ་དང་། ལྷག་པར་ས་ཆུ་བདག་གཅེས་བྱས་པ་བརྒྱུད་ཤིང་སྣ་གང་མང་འདེབས་འཛུགས་བྱ་རྒྱུ་སོགས་ནི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཅེས་དང་།2017-03-19-Bhopal-GG01_OHH0310

དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་རིགས་རུས་ཀྱི་དབྱེ་འབྱེད་སོགས་ཀྱི་སྐོར་བཀའ་སློབ་སྩལ་དོན། འཛམ་གླིང་ནང་མི་མང་པོ་ཞིག་རིགས་རུས་དང་མི་རིགས་ཀྱི་དབྱེ་འབྱེད་འོག་མཐོང་ཆུང་ཁྱད་གསོད་དང་བརྙས་བཅོས་སོགས་ཀྱི་དཀའ་ངལ་ཧ་ཅང་མང་པོ་ཞིག་འཕྲད་བཞིན་ཡོད། དེར་བརྟེན་ང་ཚོས་རྡོག་སྒྲིལ་ནས་དེ་འདྲའི་དབྱེ་འབྱེད་བྱ་རྒྱུའི་ལམ་ལུགས་ལ་མཐའ་གཅིག་ཏུ་གདོང་ལེན་བྱེད་དགོས། འཛམ་གླིང་ནང་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་རིགས་རུས་དང་མི་རིགས་དབྱེ་འབྱེད་ཀྱི་བསམ་བློ་དེར་ཐུག་ཡོད།  མི་ཚང་མས་བདེ་སྐྱིད་འདོད་ཀྱི་ཡོད།   ཕྱི་དངོས་པོའི་འཛུགས་སྐྲུན་ལས་གཞི་ཡར་རྒྱས་ཀྱི་རྩེ་མོར་སོན་ཡང་།  འཛམ་གླིང་ནང་མི་འབོར་ཐེར་འབུམ་བདུན་ཡོད་པ་ཚང་མའི་གཞི་རིམ་གྱི་དགོས་མཁོ་ཁ་ཟས་དང་འཐུང་ཆུ་ཡིན་པ་དེར་འགྱུར་བ་གང་ཡང་མེད།  དེང་སྐབས་ཨ་ཕི་རི་ཀའི་རྒྱལ་ཁབ་ཁག་གཅིག་གི་ནང་དུ་དམག་འཁྲུག་དང་མུ་གེ་སོགས་ནི་མིས་བཟོས་པ་ཞིག་ཕལ་ཆེར་རེད།  དེ་ནི་གཙོ་བོ་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཐོག་འགོ་ཁྲིད་ཚོས་བསམ་བློ་མ་བཏང་བར་སྣང་མེད་དུ་བཞག་ནས་དམག་ལ་དང་འདོད་བྱས།  དེ་བཞིན་དབུལ་ཕྱུག་དབར་གྱི་བར་ཁྱད་ཧ་ཅང་ཡོད་པ་བཅས་ལ་བརྟེན་ནས་དཀའ་ངལ་དེ་དག་འཕྲད་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ།།2017-03-19-Bhopal-GG09_OHH0387

མཆན། སྐུ་པར་ཡོངས་རྫོགས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱ་ནས་བཏུས།

Share with your friends










Submit