༢༠༡༧ ཟླ་ ༢ ཚེས་ ༦ རེས་གཟའ་ཟླ་བ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་བོད་རིགས་འཛིན་གྲྭ་ ༡༠ པའམ་བཅུ་གཅིག་སློབ་ཕྲུག་མང་མཐར་ལྔ་བར་ཕྱི་རྒྱལ་སློབ་གྲྭ་ཁག་ ༡༦ ཁོངས་སུ་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར། སློབ་ཕྲུག་འདེམས་ཕྱོགས་ནི་སློབ་ཡོན་གནང་མཁན་རྒྱལ་སྤྱིའི་སློབ་ཡོན་ཚོགས་ཆུང་དང་ཤེས་རིག་ལས་ཁུངས་ཐུན་མོང་ནས་ ༢༠༡༧ ཟླ་ ༤ ཟླ་མཇུག་ཏུ་རྡ་རམ་ས་ལར་གནང་གཏན་འཁེལ་ཡོད།

དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ།
༡༽ རྒྱ་གར་དུ་གཏན་སྡོད་ཆོག་པའི་ལག་འཁྱེར་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པའི་ངོ་བཤུས།
༢༽ དོ་བདག་རང་ཉིད་དང་ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༡༦།༡༢།༣༡ བར་གཙང་ཕུལ་ཟིན་པའི་ངོ་བཤུས།
༣༽ སློབ་ཕྲུག་གང་ཞིག་བོད་པའི་སློབ་གྲྭ་ནས་འཛིན་རིམ་བཅུ་པ་ཐོན་པ་མིན་ན། ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་འཛིན་རིམ་བཅུ་པའི་ཚད་མཉམ་བོད་ཡིག་ཚུད་རྒྱུགས་གཏོང་རྒྱུ།
༤༽ བོད་རིགས་སློབ་ཕྲུག་འཛིན་རིམ་བཅུ་པའམ་བཅུ་གཅིག་གང་ཞིག་རང་ལོ་ ༡༦ ནས་ ༡༨ བར་ཡིན་དགོས།
༥༽ འཚང་སྙན་ཆ་ཚང་ཞིབ་བཀང་གིས་སྦྲག་ཐོག་གམ་གློག་འཕྲིན་བརྒྱུད་ ༢༠༡༧ ཟླ་ ༣ ཚེས་ ༡༧ འགྱངས་མེད་ཤེས་རིག་ལས་ཁུངས་སུ་འབྱོར་དགོས།

Secretary (Oxford 2017)
Department of Education CTA
Gangchen Kyishong
P.O. Dharamsala – 176 215
District Kangra, H.P

For inquiry, please contact:
Ngawang Yonten
Email: doe.lobyon@tibet.net & scholarship@tibet.net
Phone: +91-1892 -222572, 222721
Web: www.sherig.org
FB: www.facebook.com/doe.lobyon/

 

Application Form: Click on Link

འགེངས་ཤོག་ཕབ་ལེན་ཆེད་འདིར་གནོན།

Resources for Applicants:
• UWC India website
• UWC International website
• UWC Mahindra College website
• UWC Mahindra College Admissions subsite
• What does International Baccalaureate (IB) mean?

Share with your friends










Submit