མདུན་ཤོག » གསར་གནས། » གསལ་བསྒྲགས། »

༢༠༡༧ རོ་ཊོ་རི་ཞི་བདེའི་སློབ་ཡོན།

༢༠༡༧ ཟླ་ ༢ ཚེས་ ༢༣ རེས་གཟའ་ཕུར་བུ།

༄༅། །བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་ ༢༠༡༧ རོ་ཊོ་རི་ཞི་བདེའི་གཙུག་ལག་རབ་འབྱམས་པའི་སློབ་ཡོན་གསལ་བསྒྲགས་ཞུ་རྒྱུར།  ཨ་རིར་རྟེན་གཞི་བྱས་པའི་རོ་ཊི་རི་རྒྱལ་སྤྱིའི་ལས་ཁུངས་ཁྱབ་ཁོངས་རོ་ཊི་རི་སློབ་ཡོན་ཞུ་ཡུལ་གྲགས་ཅན་མཐོ་སློབ་དྲུག་ཡོད་པ་ནི། ཨ་རིར་མཐོ་སློབ་གཅིག་དང་། ཉི་འོང་། ཨིན་ཡུལ། ཨོ་སོ་ཀྲོ་ལི་ཡ། སི་ཝི་ཌེན། ཐ་ཡེ་ལེནཌ་བཅས་སུ་ཡོད། འཚང་སྙན་འབུལ་མཁན་སློབ་ཕྲུག་ཚོས་སོ་སོའི་འདོད་མོས་ལྟར་མཐོ་སློབ་གཅིག་འདེམས་སྒྲུག་གིས་དེའི་ཁོངས་སུ་སློབ་ཚན་གང་རུང་གཅིག་གི་ཐོག་དགོས་མཁོ་ཡིག་ཆ་ཁག་ཤེས་རིག་དྲུང་ཆེའི་མཚན་ཐོག་ ༢༠༡༧ ཟླ་ ༤ ཚེས་ ༧ འགྱངས་མེད་འབྱོར་དགོས།

མཐོ་སློབ་དྲུག་གི་དྲ་རྒྱའི་ཁ་བྱང་།
1. Duke University and University of North Carolina, USA
University link – http://rotarypeacecenternc.org/
University fact sheet link – https://my.rotary.org/en/document/duke-unc-rotary-peace-center-duke-university-and-unc-chapel-hill-fact-sheet

2. International Christian University, Tokyo, Japan
University link – https://rotaryicu.wordpress.com/
University fact sheet link – https://my.rotary.org/en/document/rotary-peace-center- international- christian-university-fact-sheet

3.University of Bradford, Bradford, UK
University link – https://rotaryicu.wordpress.com/
University fact sheet link – https://my.rotary.org/en/document/rotary-peace-center- international- christian-university-fact-sheet

4. University of Queensland, Brisbane, Australia
University link – http://www.bradford.ac.uk/social-sciences/peace-studies/index.php
University fact sheet link – https://my.rotary.org/en/document/rotary-peace-centre-university- bradford-fact-sheet

5. Uppsala University, Uppsala, Sweden
University link – http://www.pcr.uu.se/education/uppsala_rotary_peace_center/
University fact sheet link – https://my.rotary.org/en/document/uppsala-rotary-peace-center- fact- sheet

6. Chulalongkorn University, Bangkok, Thailand
University link – http://www.rotarychula.org/
University fact sheet link – https://my.rotary.org/en/document/rotary-peace-center- chulalongkorn- university-fact-sheet

སློབ་ཡོན་གྱི་ཆ་རྐྱེན།

༡། ཉེ་བའི་གཙུག་ལག་རབ་འབྱམས་པའི་ཉུང་མཐར་བརྒྱ་ཆ་ ༥༠ ལོན་པའི་ཨང་ཤོག་དང་ལག་ཁྱེར།
༢། ཉེ་བའི་གཙུག་ལག་རབ་འབྱམས་པའི་སློབ་ཚན་དང་མཚུངས་པའི་ཉུང་མཐར་ལོ་གསུམ་ལས་ཀ་བྱས་པའི་ཉམས་མྱོང་ངམ་དྭང་བླངས་གནང་མྱོང་བའི་ལག་ཁྱེར།
༣། འཚང་སྙན་བའི་སྐྱེས་ལོ་སྐྱེས་ཚེས་ ༡༩༨༢།༡།༡ དང་དེའི་རྗེས་སུ་ཡིན་པ་དགོས།
༤། འཛིན་གྲྭ་བཅུ་གཉིས་བོད་པའི་སློབ་གྲྭ་གང་རུང་ཞིག་ནས་ཐོན་པ་དགོས།
༥། རྒྱ་གར་དུ་གཏན་སྡོད་ཆོག་པའི་ལག་ཁྱེར་ཁྲིམས་མཐུན་དུས་འགྱངས་བཀའ་འཁྲོལ་ཞུས་པ།
༦། དོ་བདག་རང་ཉིད་དང་ཕ་མའི་དྭང་བླངས་དཔྱ་དངུལ་ ༢༠༡༦།༡༢།༣༡ བར་གཙང་ཕུལ་ཟིན་པ།
༧། སོ་སོའི་མཐོ་སློབ་དང་ལས་ཁུངས་ནས་སློབ་ཡོན་དང་འབྲེལ་བའི་རྒྱབ་གཉེར།
༨། སོ་སོའི་མི་ཚེའི་ལོ་རྒྱུས་མདོར་བསྡུས།
༩། སློབ་ཡོན་ཞུ་དགོས་པའི་འབྲི་རྩོམ་ཡིག་འབྲུ་ ༤༠༠ ནས་ ༥༠༠ བར།
༡༠། TOEFL ཡང་ན་ IELTS ཨང་ཤོག་
༡༡། GRE – ༼for Duke UNC applicants only༽
༡༢། འགོ་ཁྲིད་ཀྱི་ནུས་སྟོབས་ཡོད་པ།
༡༣། ཨིན་སྐད་འབྲི་ཀློག་བཤད་གསུམ་འཕེར་བ།

འཚང་སྙན་འབྱོར་ཚེས། ༢༠༡༧།༤།༧ འགྱངས་མེད།

 

དགོས་མཁོ་ཡིག་ཆ་ཁག

༡། འདྲ་པར་མཚོན་ཅན་ཚད་གཞི་ ༼༢།༢༽གྲངས་གསུམ།
༢། འཛིན་གྲྭ་ ༡༢ པའི་ལག་ཁྱེར་དང་ཨང་ཤོག ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་དང་ཨང་ཤོག རྒྱ་གར་ནང་གཏན་སྡོད་ཆོག་པའི་ལག་ཁྱེར་དུས་འགྱངས་ཟིན་པ། དོ་བདག་སོ་སོ་དང་ཕ་མ་གཉིས་ཀྱི་དཔྱ་དངུལ་ལག་དེབ་ ༢༠༡༦།༡༢།༣༡ བར་གཙང་འབུལ་ཟིན་པ། མཐོ་སློབ་དང་ལས་ཁུངས་གཉིས་ཀྱི་རྒྱབ་གཉེར། TOEFL or IELTS ཨང་ཤོག ལས་ཀའི་ཉམས་མྱོང་ཡིག་ཆ། སོ་སོའི་ལོ་རྒྱུས། འབྲི་རྩོམ། GRE ཨང་ཤོག་ (only if you are applying for Duke UNC) བཅས་ཀྱི་ངོ་བཤུས་ཐོག་ས་གནས་འགོ་འཛིན་དང་། ཡང་ན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུང་དྲུང་དང་ཡན་གྱི་དག་མཆན་འཁོད་པ་དགོས་རྒྱུ།
༣། ལྡི་ལིར་འདེམས་རྒྱུགས་སྐབས་སུ་ཆ་རྐྱེན་ཡིག་ཆ་ངོ་མ་མཉམ་ཁྱེར་དགོས་རྒྱུ།

འཚང་སྙན་འབུལ་སྟངས།

འཚང་སྙན་འབུལ་སྟངས་ཀྱི་ལམ་སྟོན་ཡིག་ཆ་འདི་ནས་ https://my.rotary.org/en/document/rotary-peace-fellowship-application-guidelines གཟིགས་ཐུབ་པ་དང་།

རྒྱུན་དུ་དྲི་བ་ཁག་འདི་ནས་ https://my.rotary.org/en/document/rotary-peace-fellowship-application-faq. གཟིགས་ཐུབ་པ་བཅས།

༡། ཤེས་རིག་སློབ་ཡོན་སྡེ་ཚན་ནས་ཆ་རྐྱེན་ཚང་བའི་འཚང་སྙན་བ་སོ་སོར་ཁ་པར་དང་གློག་འཕྲིན་གྱི་ལམ་ནས་ལྡི་ལིར་འདེམས་རྒྱུགས་ཀྱི་དུས་ཚོད་བརྡ་ལན་ཡོང་རྒྱུ། ༼ ༢༠༡༧ ཟླ་ ༤ བདུན་ཕྲག་གཉིས་པར་གཏན་འཁེལ་ཡིན། ༽
༢། ཤེས་རིག་ལས་ཁུངས་ནས་འདེམས་སྒྲུག་བྱས་པའི་འཚང་སྙན་བར་སློབ་ཡོན་འགེངས་ཤོག་བཀང་རྒྱུའི་ལམ་སྟོན་བྱ་རྒྱུ་དང་། ཨ་རིར་རྟེན་གཞི་བྱས་པའི་རོ་ཊི་རེ་ཚོགས་པ་ནས་རྒྱབ་གཉེར་དང་སྦྲགས། རྒྱལ་སྤྱིའི་འཚང་སྙན་བ་གཞན་དང་མཉམ་དུ་མཐའ་མའི་འདེམས་རྒྱུགས་ནང་ཞུགས་རྒྱུ་བཅས།

འཚང་སྙན་འབུལ་ཡུལ།

Secretary (Rotary 2017)
Department of Education, CTA
Gangchen Kyishong
P.O. Dharamsala – 176215, District Kangra, HP

 

དྭོགས་འདྲི་ཞུ་ཡུལ།

Ngawang Yonten & Tsering Choezom
Email: doe.lobyon@tibet.net & scholarship@tibet.net
Phone: +91-1892-222572/222721
Facebook: www.facebook.com/doe.lobyon/

ཤེས་རིག་སློབ་ཡོན་སྡེ་ཚན་ནས་ ༢༠༡༧ ཟླ་ ༢ ཚེས་ ༢༣ ལ་ཕུལ།།

Share with your friends










Submit