༢༠༡༧ ཟླ་ ༡ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་གའི་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ནས་ས་གནས་ནས་བཏང་གནས་ནང་འཁོད་དོན། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༢༨ ནས་ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༥ བར་གནས་མཆོག་རྡོ་རྗེ་གདན་དུ་རྒྱ་གར་གྱི་སློབ་ཕྲུག་ཁག་གཅིག་ལ་བཀའ་སློབ་སྩལ་བ་དང་། རྙིང་མ་དང་སོག་པོ་དགོན་པ་བཅས་དབུ་འབྱེད་རབ་གནས་བཀའ་དྲིན་བསྐྱངས་པ་སོགས་ཀྱི་མཛད་འཕྲིན་ཁག་གཅིག་བསྐྱངས་རྗེས་རྒྱལ་ཁབ་ཁག་ ༩༢ ནས་ཆེད་དུ་བཅར་བའི་སྐལ་ལྡན་གདུལ་བྱ་ཉིས་འབུམ་བརྒལ་བར་དཔལ་དུས་ཀྱི་འཁོར་ལོའི་སྔོན་འགྲོ་དང་དངོས་གཞིའི་དབང་སྩལ་བ་སོགས་མཛད་འཕྲིན་ཁག་ཡོངས་སུ་ལེགས་གྲུབ་རྗེས། ཕྱི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་ཕེབས་འགྲོའི་བརྒྱུད་གྷ་ཡ་གནམ་ཐང་བར་དང་དེ་ནས་མཁའ་ལམ་བརྒྱུད་ལྡི་ལིར་ཆིབས་༸ཞལ་སྒྱུར་ཡོད་པ་བཅས།།