མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ བཀའ་དབང་དངོས་གཞི་དབུ་འཛུགས་མཛད་པ།

Share with your friends










Submit

ཕྱི་ལོ་༢༠༡༧ ཟླ་ ༡ ཚེས་ ༡༡ རེས་གཟའ་ལྷག་པ།

M11༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་བསོད་ནམས་མཚོ་མོ་ལགས་ཀྱིས་ས་གནས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་རྭ་བར་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུས་དགའ་ལྡན་ཁྲི་ལས་ཟུར་རྣམ་གཉིས་མཆོག དཔལ་རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག སྟག་ལུང་ཞབས་དྲུང་རིན་པོ་ཆེ་མཆོག ཀ༔ཐོག་དགེ་རྩེ་རིན་པོ་ཆེ། ཤར་བྱང་ཆོས་རྗེ་རྣམ་གཉིས་དང་། བཀའ་བློན་ཁྲི་ཟུར་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག  མཁན་པོ་བླ་མ་ཆོས་རྒྱ་མཚོ་མཆོག རྣམ་གྲྭ་མཁན་རིན་པོ་ཆེ་ཁྲོམ་ཐོག་རིན་པོ་ཆེ་མཆོག   གཞུང་རྟེན་དྲ་ལྷ་གནས་ཆུང་དང་ཚེ་རིང་མ་གཉིས་ཀྱི་སྐུ་རྟེན།  ཀུན་བདེ་གླིང་རིན་པོ་ཆེ་མཆོག ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གི་གདུང་སྲས་སྐུ་གཞོན་པ་མཆོག  འཁྲུལ་ཞིག་རིན་པོ་ཆེ་མཆོག་གི་ཡང་སྤྲུལ་མཆོག

W1བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་སོགས་གཙོ་བོར་གྱུར་བའི་བླ་སྤྲུལ་དགེ་བཤེས་དང་། དད་ལྡན་ཆོས་ཞུ་བ་འབུམ་གཉིས་བརྒལ་བ་འདུ་འཛོམས་ཐོག་དུས་འཁོར་དབང་ཆེན་ཐེངས་ ༣༤ བཀའ་དབང་དངོས་གཞི་དབུ་འཛུགས་མཛད་ཡོད།

K2དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་སྒྲུབ་བཞག་སྔོན་དུ་མཛད་གྲུབ་མཚམས་ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་བཞུགས་གནས་གཟིམ་ཆུང་ནས་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་སོགས་ཀྱིས་སྤོས་སྣེས་སྔུན་བསུས་ཏེ་གདན་འདྲེན་ཞུས་ཐོག་དུས་དབང་ཐང་ཆེན་གྱི་སྡིངས་ཆའི་བཞུགས་ཁྲིར་༸ཞབས་སོར་འཁོད་བསྟུན་ཐོག་མར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།

unspecifiedགཙོ་བོ་བླ་མའི་དབང་བསྐུར་ཟེར་རྒྱུ་དེ་ཕྱོགས་གཅིག་ནས་ཐར་པ་དོན་གཉེར་མེད་ན་ནང་པ་སངས་རྒྱས་པའི་ཆོས་ལ་འགྲོ་རྒྱུ་ཧ་ཅང་ཁག་པོ་རེད་འདུག ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ཟེར་བ་དེ་རེད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ། ཞེས་འདི་ལྟ་བུའི་བསམ་བློ་འཁོར་མཁན་དེ་ཉོན་མོངས་ངོས་འཛིན་རྒྱུ་དང་། དེ་ངོས་འཛིན་པའི་ཐོག་ནས་ཉོན་མོངས་སྤང་པའི་བྲལ་བའི་ཡོན་ཏན་མངོན་དུ་བྱ་འདོད་པ་ཞིག་ཡོང་བ་ཡིན་དུས་དངོས་གནས་སངས་རྒྱས་པའི་ཆོས་ལ་འགྲོ་རྒྱུ་རེད།

R3སྤྱིར་རང་རང་གི་སྟོན་པར་སྐྱབས་སུ་འགྲོ་རྒྱུ་དང་དཀོན་མཆོག་གི་ཞིང་ཁམས་ལ་སྐྱེ་རྒྱུར་སྨོན་ལམ་བརྒྱབ་རྒྱུ་ནི་ཆོས་ལུགས་ཚང་མར་ཡོད། དེའི་ཐོག་རང་གཅིག་པུ་བསམ་པ་མིན་པར་མཐའ་ཡས་པའི་སེམས་ཅན་རང་དང་རང་འདྲ་བ་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་དེ་ཐམས་ཅད་ཀྱི་དོན་དུ་སོ་སོས་དང་དུ་བླངས་ནས་སེམས་ཁུར་བླངས་ཏེ་སེམས་བསྐྱེད་དགོས། འདི་མེད་ན་ཐེག་ཆེན་གྱི་ཆོས་དང་གསང་སྔགས་ཀྱི་ཆོས་ཞེས་མིང་གཟབ་པོ་དང་སྐད་གྲགས་ཆེན་པོ་ཡོད་ནའང་། ཉམས་ལེན་བྱེད་མཁན་སོ་སོའི་བསམ་བློའི་ནང་བྱང་ཆུབ་ཀྱི་སེམས་ལ་གོ་བ་ཆགས་པ་ཞིག་དང་བྱང་ཆུབ་ཀྱི་སེམས་བཅོས་མ་ཚུན་ཆད་མེད་དུ་མེད་པའི་ཐབས་ཤིག་རེད།

L1དུས་འཁོར་གྱི་དབང་ཆེན་འདི་དམིགས་བསལ་ཁྲོམ་ཚོགས་ཆེན་པོ་ཡོད་སར་གནང་རྒྱུའི་ལུགས་སྲོལ་དང་གསུང་རྒྱུན་ཡང་ཡོད། དེ་རིང་འདིར་རྒྱ་ནག་དང་བོད་ནས་དོན་གཉེར་ཧ་ཅང་ཆེན་པོ་ཡོད་ཀྱང་། འདི་གར་ཡོང་རྒྱུ་སྟབས་མི་བདེ་བར་དཀའ་ངལ་འཕྲད་ཡོད་པ་དེ་དག་ལ། ངོས་ཀྱིས་འདི་ནས་དམིགས་འོག་ཏུ་བཅུག་ནས་ས་གནས་ས་ཐོག་ཏུ་ཡོད་མཁན་ཚོས་དད་པ་དང་འདུན་པ་ཤུགས་དྲགས་སྐྱེས་ཏེ་བསམ་བློ་བཏང་ན་དབང་ཐོབ་ཀྱི་རེད་ཅེས་བརྗོད་བཞིན་ཡོད།

unsཌཌpecifiedའདུལ་བའི་ནང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ། ཞེས་པ་ལྟ་བུར་དེང་སང་འཕྲུལ་འཁོར་གྱི་ཡོ་བྱད་སྒོ་ནས་ས་ཁད་ཐག་རིང་པོའི་སྐད་ཆ་གང་ཡང་མེད། གང་ལྟར་གོ་བརྡ་འཕྲོད་པ་དང་སོ་སོའི་མོས་པས་ལྕོགས་ན་དབང་འདི་ཐོབ་ཀྱི་རེད། ངོས་ཀྱིས་འདི་ནས་དམིགས་འོག་ཏུ་བཅུག་སྟེ་སྨོན་ལམ་རྒྱག་གི་ཡིན། དེ་རིང་ནས་བྱས་དངོས་གཞི་དབང་གི་ངོ་སྤྲད་སྐབས་སོ་སོས་བསམ་བློ་གཏང་ན་དབང་ཐོབ་ཀྱི་རེད་བསམ་དྲན་གྱི་འདུག ཅེས་བཀའ་སློབ་སྩལ།

kal_2947དེ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་༸གོང་ས་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་བློན་རྣམ་པར་མཇལ་ཁ་སྩལ་ཡོད།

s1དེ་རྗེས་བྱང་ཆུབ་སེམས་སྡོམ་དང་སྔགས་སྡོམ། བརྟུལ་ཞུགས་ཉེར་ལྔ་བཅས་སྩལ།

kal_2954དེ་དག་གྲུབ་མཚམས་མཁན་བླ་སྤྲུལ་རྣམ་པ་དང་། གནད་ཡོད་མི་སྣ། ཡོན་བདག སྲི་ཞུ་བ། དགེ་བཤེས་དང་དགེ་བཤེས་མ། བོད་ནས་གསར་དུ་ཕེབས་པའི་ཆོས་ཞུ་བ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་ཆོས་ཞུ་བ་རྣམ་པ་བཅས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་མཇལ་ཞུར་བཏང་ཡོད་པ་དང་།

LT1ཕྱི་ཚེས་ ༡༢ ཉིན་གྲྭ་བཙུན་རྣམ་པ་དང་། ཕྱི་ཚེས་ ༡༣ ཉིན་ཧི་མཱ་ལ་ཡའི་མི་རིགས། དེ་བཞིན་ཕྱི་ཚེས་ ༡༤ ནས་ ༡༦ བར་མི་མང་ཡོངས་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་མཇལ་ཞུར་གཏང་རྒྱུ་ཡིན་འདུག་པ་བཅས།།

དཀྱིལ་འཁོར་མཇལ་ཁ་ཞུ་བཞིན་པ།

དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་དཀྱིལ་འཁོར་མཇལ་ཁ་ཞུ་བཞིན་པ།

Share with your friends










Submit