མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

རང་ལུས་མེར་སྲེག་གནང་མཁན་བཀྲ་ཤིས་རབ་བརྟན་ལགས་ཀྱི་སྐུ་ཕུང་རྒྱ་གཞུང་གིས་བཙན་འཁྱེར་བྱས་འདུག

༢༠༡༦ ཟླ་ ༡༢ ཚེས་ ༨ རེས་གཟའ་སྤེན་པ།

self-immolation-697x370༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན།

tarab1དེ་རིང་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༦ ཡས་མས་ཙམ་ཞིག་ལ་བོད་མདོ་སྨད་ཀན་སུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་རྨ་ཆུ་རྫོང་ཐོག་གི་སྔོ་ཚོད་གཙོང་སའི་ཁྲོམ་ར་ཞིག་ནས་དགུང་ལོ་ ༣༣ སོན་པའི་བོད་མི་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ལ་ངོ་རྒོལ་གནང་ཆེད་རང་ལུས་མེར་སྲེག་གནང་ནས་འདས་གྲོངས་སུ་གྱུར་འདུག

ཁོང་གིས་རང་ལུས་མེར་སྲེག་གནང་ས་དེ་ནི་དེ་སྔོན་དགུང་ལོ་ ༢༠ ཡིན་པའི་ཚེ་རིང་སྐྱིད་ལགས་ཀྱིས་རང་ལུས་མེར་སྲེག་གནང་སའི་ས་གནས་དེ་རང་དུ་ཡིན་འདུག    ཁོང་གི་མཚན་ལ་བཀྲ་ཤིས་རབ་བརྟན་ཞུ་བ་དང་།   ཁོང་གི་ཕ་དང་ཚེ་རིང་སྐྱིད་ཀྱི་ཨ་ཕ་ཁོང་གཉིས་གཉེན་ཚན་ཡིན་འདུག རྒྱལ་གཅེས་པ་ཁོང་གིས་༼༸གོང་ས་མཆོག་༸སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག ཅེས་དང་།    ༸གོང་ས་མཆོག་བོད་དུ་ལོག་ཕེབས་བཅུག་དགོས་༽ཞེས་འབོད་ཚིག་བསྒྲགས་འདུག

ཁོང་གི་སྐུ་ཕུང་ས་གནས་དེའི་བདེ་འཇགས་ཉེན་རྟོག་པས་བཙན་འཁྱེར་བྱས་ཡོད་འདུག་པས་ནང་མི་གཉེན་ཚན་དག་ཉེན་རྟོག་ཁང་དུ་ཁོང་གི་སྐུ་ཕུང་ཚུར་སྤྲོད་དགོས་པའི་རེ་སྐུལ་ཞུས་ཀྱང་ཉན་འཇོག་བྱས་མེད།    བཀྲ་ཤིས་རབ་བརྟན་ལགས་ནི་རྨ་ཆུ་རྫོང་གི་ཁྲོ་ཁོ་སྨད་མ་ཞང་གི་སེང་མོ་རིན་ཆེན་འབྲོག་སྡེ་ཡི་ཏྲེ་ལྦུ་གཤོལ་རུ་སྐོར་ནས་རེད་འདུག    ཁོང་གི་ཕའི་མིང་བསྟན་བྷེ་དང་ཨ་མ་འདས་པོའི་མིང་ལ་སྒྲོལ་དཀར་ཡིན་འདུག

 

Share with your friends










Submit