༢༠༡༦ ཟླ་ ༩ ཚེས་ ༡༩ རེས་གཟའ་ཟླ་བ།
༄༅། །བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་རྒྱལ་ལོ་ ༢༡༤༣ བོད་ཟླ་ ༧ ཚེས་ ༡༨ དང་། ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས་ ༡༩ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་ཆུང་སྒྲ་དབྱངས་གླིང་དུ་༧རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་འབྲེལ་བའི་སྤྱན་འདྲེན་ཞུས་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧ ཐོག་གནས་ཆུང་སྒྲ་དབྱངས་གླིང་དགོན་གྱི་འདུ་ཁང་དུ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་བཀའ་བརྒྱུད་དོན་གྲུབ་མཆོག་དང་། ཁྲིམས་ཁྲིབ་པ་གཞན་གཉིས་མཆོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་མཆོག་གིས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་གིས་གཙོས་སྲི་གཞུའི་ལས་བྱེད་རྣམས་ནས་རང་ལུགས་ན་བཟའ་བཞེས་ཏེ་ལྷན་འཛོམས་ཐོག་༧རྒྱལ་བའི་བསྟན་སྲུང་སྤྲུལ་པའི་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་རྩལ་ཆེན་མོར་སྤྱན་འདྲེན་ཞུས་ཏེ་སྲིད་སྐྱོང་མཆོག་གིས་དབུས་མཛད་གཙོ་རྣམ་པས་མཇལ་ཕྱག་ཞུས་རྗེས་རིམ་བཞིན་སྲི་ཞུའི་ལས་བྱེད་རྣམས་ལ་མཇལ་ཁ་གནང་ཡོད།།