༢༠༡༦ ཟླ་ ༨ ཚེས་ ༡༨ རེས་གཟའ་ཕུར་བུ།
༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཏང་གནས་ནང་འཁོད་དོན། བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ལྷ་འབྲུག་ལགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༠༨ ཚེས་ ༡༡ ཉིན་སིམ་ལ་ས་གནས་འཐུས་ཚོགས་སྐབས་བརྒྱད་པའི་འདེམས་ཐོན་འཐུས་མི་ ༧ ནས་འཐུས་མི་ ༥ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་བསྟན་འཛིན་ལགས་དང་ཚོགས་གཞོན་དཀོན་མཆོག་ཚེ་རིང་ལགས་བཅས་ཀྱི་ལས་ཁུར་དམ་འཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པ་དང་།
ས་འཐུས་དམ་འབུལ་གྱི་བྱེད་སྒོ་དང་སྟབས་བསྟུན། གོང་ཚེས་ཉིན་རྒྱབ་ཆུ་ཚོད་ ༢༌༠༠ ཐོག་བྱང་ཕྱོགས་བོད་མིའི་ས་གནས་ཁྲིམས་ཞིབ་པས་སིམ་ལ་ས་གནས་མང་ཚོགས་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་ངོ་སྤྲོད་དང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་རྩ་འཛིན་ཁྲིམས་ཡིག་གི་གཏུག་བཤེར་བྱ་རིམ་དང་། ཁྲིམས་ཁོངས་ཁྱབ་ཚད་སོགས་ཀྱི་གོ་རྟོགས་སྤེལ་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། ཞེས་འཁོད་འདུག