༢༠༡༦ ཟླ་ ༨ ཚེས་ ༢༦ རེས་གཟའ་པ་སངས།
༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༨ ཚེས་ ༢༤ ཉིན་ལ་དྭགས་ནང་པའི་ཚོགས་འདུས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཞི་བའི་ཚལ་ཕོ་བྲང་དུ་ཐུགས་རྗེ་ཆེ་ཞུའི་གུང་ཚིགས་གསོལ་སྟོན་འདེགས་འབུལ་ཞུས་ཡོད། སྐབས་དེར་སྐྱབས་རྗེ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་དབུས་ཁྲིག་རྩེ་མཁན་རིན་པོ་ཆེ་དང་། བ་ཀུ་ལ་མཆོག་སྤྲུལ་རིན་པོ་ཆེ། དགོན་སྡེ་ཁག་གི་སྐུ་ཚབ་མཁན་བླ་སྤྲུལ་དང་དགེ་འདུན་ཁག་གཅིག ལ་སྤྱི། ས་གནས་ཀྱི་ཡེ་ཤུ་དང་ཁ་ཆེའི་མང་ཚོགས་ཀྱི་སྐུ་ཚབ། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་དབུ་འཛིན། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོ་ཚོགས་གཞོན། ལ་དྭགས་ཨ་མའི་ཚོགས་པའི་ཚོགས་གཙོ་སོགས་ས་གནས་ཀྱི་གནད་ཡོད་མི་སྣ་དང་ཚོགས་སྡེ་ཁག་གི་ཚོགས་མི་སོགས་མི་གྲངས་ ༢༠༠༠ ཙམ་མཛད་སྒོར་བཅར་འདུག གསོལ་སྟོན་མཛད་སྒོའི་ཐོག་ལ་དྭགས་ཡུལ་མི་ཚོས་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་སྤྱན་འབུལ་ཞུས་ཡོད། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན།
དེ་རིང་ཁྱེད་རང་ཚོ་ནང་པའི་ཆོས་ཚོགས་ཀྱིས་གསོལ་སྟོན་གཟབ་རྒྱས་ཤིག་གྲ་སྒྲིག་གནང་འདུག དེའི་ཐོག་གསོལ་སྟོན་གྱི་ཞལ་ཟས་དང་ཤིང་ཏོག་དེ་དག་རོའི་མཆོད་པ་ཡིན་པ་རེད། ཁྱེད་རང་ཚོས་གཞས་དང་རོལ་མོ་དཀྲོལ་བ་དེ་དག་ནི་སྒྲའི་མཆོད་པ་ཡིན་པ་རེད། ཁྱེད་རང་ཚོས་གནའ་རབས་ཀྱི་རྒྱན་ཆ་དང་ཚ་བ་ཡོད་ཀྱང་མ་འདེམས་པར་པགས་ཚག་གྱོན་པ་དེ་དག་གཟུགས་ཀྱི་མཆོད་པ་རེད། ད་ལྟ་དྲིའི་མཆོད་པ་དང་རོའི་མཆོད་པར་སྒུག་བསྡད་ཡོད། དེ་རིང་ང་ཚོ་འདིར་རུབ་རུབ་བྱེད་རྒྱུ་དེ་ཆབ་སྲདི་པའི་མི་སྣ་རུབ་རུབ་བྱས་པ་ཞིག་མ་རེད། དེ་རིང་གཙོ་བོ་ཆོས་ཕྱོགས་དང་འབྲེལ་ནས་ཡོང་གི་ཡོད། ངོས་ལ་བླ་མའི་མིང་ཞིག་ཡོད། སྤྱིར་བཏང་བླ་མའི་མིང་ཞེས་བརྗོད་སྐབས་སྤྱི་ཚོགས་ནང་དུ་མིས་བཟོས་པ་ལྟ་བུ་ཞིག་རེད། ངོས་ལ་ཆ་བཞག་ན་ཏཱ་ལའི་བླ་མ་༸རྒྱལ་བ་ཐམས་ཅད་མཁྱེན་པ་ཞེས་པ་དེ་མིས་བཟོས་པ་ལྟ་བུ་ཞིག་རེད། ངོས་རང་གི་དངོས་ཡོད་གནས་ཚུལ་ངོ་མ་དེ་གང་རེད་བརྗོད་ན། བཅོམ་ལྡན་འདས་ཀྱི་དགེ་སློང་ཞིག ལོ་མང་པོའི་རིང་སྡེ་སྣོད་གསུམ་ལ་ཐོས་བསམ་སློབ་གཉེར་བྱས་པ་དང་། བསླབ་པ་གསུམ་གྱི་ཉམས་ལེན་བྱས་ནས་བཅོམ་ལྡན་འདས་ཀྱི་ལུང་རྟོགས་ཀྱི་བསྟན་པ་ལ་ཤེས་ནས་དད་པ་ཐོབ་པའི་མི་ཞིག་ཆགས་ཡོད།
དུས་རྒྱུན་དུ་ངོས་རང་༸རྒྱལ་བ་རིན་པོ་ཆེ་ཡིན་བསམ་པ་གཉིད་ལམ་ཚུན་ལ་དྲན་གྱི་མི་འདུག ངོས་རང་བཅོམ་ལྡན་འདས་ཀྱི་དགེ་སློང་ཞིག་ཡིན་བསམ་པ་རྨི་ལམ་ནང་ཡང་ཡང་དྲན་གྱི་ཡོད། རྒྱ་གར་གྱི་དཔལ་ནཱ་ལེནྡྲའི་མཁས་པའི་དབང་པོ་ཚོའི་དགེ་ཕྲུག་གཅིག་ཡིན་བསམ་དྲན་གྱི་ཡོད། ངོས་རང་འདིར་ཟླ་བ་གཅིག་ཙམ་བསྡད་ནས་སང་ཉིན་མར་ཐོན་འགྲོ་མཁན་ཡིན། དེ་རིང་ཉིན་མཐའ་མ་དེར་ཁྱེད་རང་ཚོས་དགའ་སྟོན་གྱི་སྟོན་མོ་ཞིག་གོ་སྒྲིག་ཞུས་ཡོད། མཆོད་པ་ངོ་མ་དེ་སྒྲུབ་པའི་མཆོད་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་ངོས་ཀྱིས་ཤེས་པ་དང་། ངོས་རང་གིས་ཉམས་ལེན་བྱས་ནས་ཚོར་བ་ཕྲན་བུ་ཡོད་པ་དེ་དག་ཁྱེད་རང་ཚོ་མང་ཚོགས་ལ་འགྲེལ་བཤད་གང་ཐུབ་བྱས་ཡོད། དེ་དག་ཁྱེད་རང་ཚོས་སེམས་ལ་བཞག་ནས་ལག་བསྟར་བྱས་ན་དེ་སྒྲུབ་པའི་མཆོད་པ་རེད། དེ་རིང་འདིར་ང་ཚོ་བླ་མ་དང་སློབ་མ་འདུས་ཏེ་ཁྱེད་རང་ཚོ་སློབ་མའི་ངོས་ནས་བླ་མར་རྗེས་དྲན་གྱི་དགའ་སྟོན་འཚོགས་སྐབས་དེར་གཙོ་བོ་སྒྲུབ་པའི་མཆོད་པ་ཆགས་ཀྱི་ཡོད། འདི་ཁྱེད་རང་ཚོས་སེམས་ལ་འཇོག་རོགས། གང་ལྟར་སྔ་མོ་ནས་ངོས་རང་ལ་དྭགས་ལ་ཚར་མང་པོ་སླེབས་པ་རེད། ཚར་རེ་རེ་ཡོང་སྐབས་ཁྱེད་རང་ཚོ་ལ་དྭགས་སེར་སྐྱ་མི་མང་གིས་དད་མོས་དང་དགའ་ཞེན་བྱེད་རྒྱུ་དེ་ཤུགས་ཆེ་རུ་འགྲོ་གི་ཡོད་པའི་བཟོ་འདྲ་མཐོང་སོང་། དེར་བརྟེན་ངོས་རང་ཡང་ཡུལ་དེར་ཕྱིན་ནས་བསྟན་པ་དང་འགྲོ་བ་ཕན་ཐོགས་ཤིག་ཡོང་གི་འདུག་བསམས་པའི་བློ་ལ་ཤར་ནས་དགའ་ཞིང་སྤྲོ་ཞིང་འདིར་ཡོང་གི་ཡོད།
སང་ཕོད་ནུབ་རར་འགྲོ་རྒྱུ་གཏན་
དེར་བརྟེན་ངོས་ཀྱིས་ཆོས་ལུགས་
ང་ཚོ་ནང་ཚགས་ངོ་ཤེས་པ་ཆགས་ཡོད། ང་ཚོ་མཐུན་པོ་བྱེད་རྒྱུ་འདི་སྔོ
ཕྱིས་སུ་ཟངས་དཀར་ལའང་གོ་བྱུང་། དེང་སྐབས་ཁྱེད་རང་ཚོ་གང་འདྲ་ཡོ
འདི་འགྱུར་བ་གཏོང་དགོས་ཞེས་རྟག་
དེར་བརྟེན་ང་ཚོས་ཁ་ལག་ཟ་བཞིན་དུ
དཔོན་སློབ་མི་བྲལ་ལྷན་གཅིག་སྒྲོག
དེར་བརྟེན་དེ་རིང་ཚིག་འདི་བཞིན་
མགོན་པོ་གང་ཉིད་མཆོག་སང་ཕོད་སླར་ཡང་ལ་དྭགས་སུ་ཆིབས་སྒྱུར་བཀའ་དྲིན་བསྐྱང་རྒྱུ་མ་ཟད། ལ་དྭགས་ནུབ་རའི་ས་ཁུལ་དུ་ཆིབས་བསྒྱུར་མཛད་རྒྱུའི་ཞལ་བཞེས་མཛད། ཉིན་གུང་ལྗགས་སྨིན་གྲུབ་རྗེས་རྒྱ་གར་གཙང་བཟོའི་ལས་འགུལ་ Swachh Bharat Abhiyaan ཞེས་གཙང་བཟོའི་ལས་གཞི་དབུ་འབྱེད་མཛད། །