མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

ལོ་བཞི་གོང་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་པ་བློ་བཟང་ཤེས་རབ་ལགས་དང་དམ་ཆོས་ལགས་གཉིས་ཀྱི་འདྲ་པར་ལག་སོན་བྱུང་བ།

༢༠༡༦ ཟླ་ ༦ ཚེས་ ༩ རེས་གཟའ་ཕུར་བུ།

 

དགེ་འདུན་པ་བློ་བཟང་ཤེས་རབ་ལགས།

དགེ་འདུན་པ་བློ་བཟང་ཤེས་རབ་ལགས།

༄༅། །འདི་གར་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༧ ཉིན་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ༢༠༡༢ ཟླ་ ༣ ཚེས་ ༢༨ ཉིན་རྔ་བ་ས་ཁུལ་དུ་རང་ལོ་ ༢༠ ཡིན་པའི་རྒྱལ་གཅེས་པ་གྲྭ་བློ་བཟང་ཤེས་རབ་ལགས་ཀྱིས་རང་ལུས་མེར་སྲེག་གིས་འདས་གྲོངས་ཕྱིན་ཡོད་པ་དང་།

དམ་ཆོས་ལགས།

དམ་ཆོས་ལགས།

ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༢༧ ཉིན་རྔ་པ་ས་ཁུལ་དུ་རང་ལོ་ ༡༧ ཡིན་པའི་རྒྱལ་གཅེས་པ་དམ་ཆོས་ལགས་ཀྱིས་རང་ལུས་མེར་སྲེག་གིས་འདས་གྲོངས་ཕྱིན་ཡོད་ཀྱང་ད་བར་རྒྱལ་གཅེས་པ་ཁོང་གཉིས་ཀྱི་འདྲ་པར་ལག་སོན་བྱུང་མེད་སྟབས། ཐེངས་འདིར་འདི་གར་རྒྱལ་གཅེས་པ་དམ་པ་ཁོང་གཉིས་ཀྱི་འདྲ་པར་ལག་སོན་ཐུབ་པ་བཅས།།