མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས་ལགས་ལ་ལོ་བདུན་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་པ།

Share with your friends










Submit

༢༠༡༦ ཟླ་ ༥ ཚེས་ ༩ རེས་གཟའ་ཟླ་བ།

Ngaba3༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་༢༠༡༦ ཟླ་ ༥ ཚེས་ ༩ ཉིན་བོད་ནས་གནས་ཚུལ་འབྱོར་གསལ་དུ། རྔ་པ་ཀིརྟི་དགོན་པའི་རང་ལོ་ ༢༨ ཡིན་པ་དགེ་འདུན་པ་རྩོམ་པ་པོ་ཇོ་བློ་བཟང་འཇམ་དབྱངས་ལགས་ ༼སྨྱུག་མིང་ལ་བློ་མིག༽ ལ་རྒྱ་ནག་གཞུང་གིས་ལོ་ ༧ དང་ཟླ་བ་ ༦ གི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག འདི་ནས་ཤེས་རྟོགས་བྱུང་བར་ཁོང་ལ་ཁྲིམས་ཐག་གཅོད་ས་དེ་རྔ་པ་རང་སྐྱོང་ཁུལ་ཝིན་ཁྲན་རྫོང་ཡིན་འདུག

Nagaba5ཕྱི་ལོ་༢༠༡༥ ཟླ་ ༤ ཚེས་ ༡༧ ཉིན་གྱི་མཚན་མོའི་ཆུ་ཚོད་༡༡།༣༠ ཙམ་ལ་རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་ནས་ཉེན་རྟོག་པས་བཙན་ཁྲིད་ཀྱིས་བཀག་ཉར་བྱས་པ་ནས་ད་བར་ལོ་གཅིག་ལྷག་འགོར་ཡོད་ཀྱང་ཐག་གཅོད་གང་ཡང་མ་བྱས་པར་བཀག་ཉར་ཁང་གི་མནར་གཅོད་ཀྱི་རིམ་པ་དག་བརྒྱུད་དགོས་པ་བྱུང་ཡོད་འདུག ཁོང་ལ་ཁྲིམས་ཐག་གཅོད་སྐབས་ནག་ཉེས་ཅི་ཞིག་བགྲང་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མེད། ཁོང་གི་ཕ་ཡུལ་ནི་རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཇོ་ཚང་ནས་ཡིན་ཞིང་། ཕ་མིང་ལ་ཇོ་རྡོར་དང་། མ་མིང་ལ་འཛམ་དཀར་ཡིན་འདུག

ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་གྲྭ་པར་ཞུགས་ཏེ། དེང་སྐབས་ཕར་ཕྱིན་འཛིན་གྲྭ་ཡིན་པ་དང་། དེ་སྔོན་གསེར་རྟ་བླ་རུང་སྒར་དང་ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་ཟུར་ཞུགས་ཀྱིས་ཐུན་མོང་རིག་གནས་སོགས་ལ་སྦྱོང་བ་བྱེད་མྱོང་ཡོད་ཅིང་། གཏམ་བཤད་ཀྱི་བྱེད་སྒོ་མང་པོར་ཞུགས་མྱོང་ཡོད་པར་མ་ཟད། རྒྱུན་དུ་སྙན་ངག་སྣ་ཚོགས་འབྲི་མཁན་ཞིག་ཡིན་འདུག་པ་དང་། <<ན་བུན་སེར་པོའི་འཕྱུར་སྟངས་>>ཞེས་་པའི་སྙན་དེབ་ཅིག་པར་བསྐྲུན་བྱས་ཡོད་པ་མ་ཟད། སྤྱི་ཚོགས་དཔྱད་བརྗོད་ཀྱི་རྩོམ་ཡིག་ཀྱང་བྲིས་ཡོད་འདུག དེ་བཞིན་བོད་ནང་གི་རྩོམ་བྲིས་རང་དབང་སོགས་ཀྱི་སྐོར་ནས་རྩོམ་ཡིག་ཁ་ཤས་ཀྱང་ བྲིས་ཡོད་འདུག་པ་བཅས།།

ngaba1

 

 

 

 

 

Share with your friends










Submit