མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

དགེ་འདུན་པ་བྱམས་པ་དགེ་ལེགས་ལགས་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བཀག་སྐྱིལ་བྱས་པ།

Share with your friends










Submit

༢༠༡༦ ཟླ་ ༥ ཚེས་ ༡༩ རེས་གཟའ་ཕུར་བུ།

1༄༅།།ཕྱི་ལོ ༢༠༡༦ ཟླ་ ༥ ཚེས་ ༡༦ ཉིན་གྱི་ཕྱི་དྲོར་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་ཁམས་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་བྱམས་པ་དགེ་ལེགས་ལགས་གློ་བུར་དུ་འཛིན་བཟུང་བཙན་ཁྲིད་ཀྱིས་དར་རྩེ་མདོར་བཀག་སྐྱིལ་བྱས་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། བོད་ཁམས་དཀར་མཛེས་ཕྱོགས་ཀྱི་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༣ ཡིན་པ་བྱམས་པ་དགེ་ལེགས་ལགས་ཟླ་འདིའི་ཕྱི ཚེས་ ༡༦ ཉིན་གྱི་ཕྱི་དྲོར་རྒྱ་ནག་གཞུང་གི་ས་གནས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ད་ལྟ་དར་རྩེ་མདོར་བཀག་སྐྱིལ་བྱས་ཡོད་འདུག་པ་དང་། ཁོང་དེ་ལྟར་གློ་བུར་དུ་འཛིན་བཟུང་བྱ་དགོས་དོན་ནི། ཁོང་གི་གྲྭ་ཤག་ནང་བོད་ཀྱི་རྒྱལ་དར་སྒྲིག་གཤོམ་བྱས་ཡོད་པ་དང་། དེ་སྔོན་ཁོང་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གཏང་རྒྱུ་ཡིན་ཞེས་བརྗོད་པར་བརྟེན་རྒྱ་ནག་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་བོད་ནང་གི་བོད་མིས་ཚོད་དཔག་བྱེད་བཞིན་ཡོད་འདུག

རྒྱ་ནག་གཞུང་གི་ཉེན་རྟོག་པས་ཁོང་གློ་བུར་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་སྐོར་གསལ་བཤད་ཅི་ཡང་བྱས་མི་འདུག ཕྱི་ཚེས་ ༡༦ ཉིན་བོད་ནང་གི་མཚན་མོའི་ཆུ་ཚོད་བཅུ་པ་ཙམ་ལ་ཉེན་རྟོག་པ་འཕོན་ཆེན་པོ་དགེ་འདུན་པ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ནང་དུ་འཛུལ་ནས་སྔོག་བཤེར་བྱས་ཡོད་འདུག

དགེ་འདུན་པ་བྱམས་པ་དགེ་ལེགས་ལགས་ནི་རང་ལོ་ ༢༣ ཙམ་ཡིན་པ་དང་། ཁམས་རྟའུ་རྫོང་མ་ཟུར་ཤང་རྫི་ཡ་གྲོང་པ་ནས་ཡིན་འདུག ཁོང་གི་ཕའི་མིང་ལ་ཚེ་རིང་དང་། མའི་མིང་ལ་སྒྲོན་ལས་བརྗོད་པ་དང་། ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པའི་ནང་ནས་ཁོང་བུ་ཆེ་ཤོས་དེ་ཡིན་འདུག ཁོང་ནི་ཉ་མཚོ་དགོན་གྱི་སློབ་གྲྭའི་གུང་སེང་སྐབས་རང་མོས་ཀྱིས་བོད་ཕྲུག་ཚོར་བོད་ཀྱི་སྲོལ་རྒྱུན་དང་སྐད་ཡིག་སོགས་སློབ་ཁྲིད་གནང་གི་ཡོད་འདུག

Share with your friends










Submit