མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

ཞོགས་ལྗང་ལགས་ཀྱིས་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་ཡི་གེ་ཕུལ་བ།

༢༠༡༦ ཟླ་ ༤ ཚེས་ ༦ རེས་གཟའ་ལྷག་པ།

༄༅། །རྒྱ་ནག་གཞུང་གི་བཙོན་འོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་པ་རྩོམ་པ་པོ་ཞོགས་ལྗང་ལགས་ཀྱིས་རྒྱ་ནག་མཐོ་རིམ་ཁྲིམས་ཁང་དུ་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་མེད་བཙན་བརྒལ་གྱིས་ཁྲིམས་ཐག་བཅད་པ་དེར་ངོས་ལེན་མེད་པའི་ཞུ་གཏུག་ཡི་གེ་ཞིག་ཕུལ་འདུག དེ་ཡང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་པོ་འབྱུང་སྐབས་ཞོགས་ལྗང་ལགས་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་གཞིའི་སློབ་མ་ཡིན་པ་དང༌། སྐབས་དེར་ཁོང་དང་ཐེའུ་རང་ངམ་བཀྲ་ཤིས་རབ་བརྟན་སོགས་ཀྱིས་སྣེ་ཁྲིད་དེ་བོད་མིའི་སྐྱིད་སྡུག་མཉམ་མྱོང་ཞེས་འཁོད་པའི་འཕྲེད་དར་བཟུང་སྟེ་སློབ་གྲྭའི་ནང་ཞི་བའི་རྔམ་སྟོན་དང་མྱ་ངན་གྱི་མར་མེ་སྒྲོན་པ་སོགས་གནང་ཡོད།

དེ་ནས་ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༩ ཉིན་ཞོགས་ལྗང་ལགས་མཚོ་སྔོན་རེབ་གོང་དུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ནས་འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༧ ཉིན་རྨ་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁྲིམས་བཤེར་དང་ཁྲིམས་རྩོད་པ་སོགས་ཀྱི་ཐོབ་ཐང་གང་ཡང་མེད་པར། ཕྱི་ལོ་ ༢༠༠༨ ལོར་མི་རིགས་ཁ་བྲལ་གྱི་ཟིང་ཆ་བསླངས་པ་དང་ཕྱི་གྱར་ཁ་བྲལ་བར་ལྐོག་ཏུ་འབྲེལ་བ་བྱས་པ། ཆ་འཕྲིན་བརྒྱུད་ལམ་ཁག་ཏུ་ཐེངས་མང་པོར་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པའི་རྩོམ་ཡིག་སྤེལ་བ་སོགས་ནག་ཉེས་བཞི་བགྲང་སྟེ་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། དེ་ལྟར་རྨ་ལྷོ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ཁོང་གིས་བྲིས་པའི་ཆོས་དད་རང་དབང་དང་འབྲེལ་བའི་རྩོམ་དང་མི་མང་ནང་རང་ཉིད་ཀྱི་བསམ་ཚུལ་སྤེལ་བ་དེ་ཚོ་རྒྱལ་ཁབ་ཁྲ་བྲལ་ལ་ཀུན་སློང་བྱེད་པའི་ནག་ཉེས་མིང་འདོགས་བྱས་ཏེ་ཁྲིམས་ཐག་བཅད་པར་ངོས་ལེན་མེད་སྐོར་དང་སྦྲགས། ཁོང་གིས་སྤེལ་བའི་རྩོམ་ཡིག་དང་ཟིན་བྲིས་ནང་དོན་ཁག་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་འགལ་བ་གང་ཡང་ཕྱིན་མེད་ཅེས་གསལ་བཤད་བྱས་འདུག །shokjang1shokjang2shokjang3shokjang4shokjang5shokjang6shokjang7shokjang8shokjang9shokjang10shokjang11Shokjang12

Share with your friends










Submit