མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

ཁམས་དཀར་མཛེས་རི་མཚོ་ཁ་ཨརྱ་གླིང་དགོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

༢༠༡༦ ཟླ་ ༣ ཚེས་ ༢ རེས་གཟའ་ལྷག་པ།

image༄༅།།བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་བ་ལྟར་ན། ཁམས་དཀར་མཛེས་རི་མཚོ་ཁ་ཨརྱ་གླིང་དགོན་པའི་རང་ལོ་ ༡༨ སོན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ཉིད་ཀྱི་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་འདུག

དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཉག་རོང་རྫོང་དུ་རི་མཚོ་ཁ་ཨརྱ་གླིང་དགོན་པའི་ཉེ་འཁྲིས་སུ་བོད་ནང་རང་དབང་དགོས་ཞེས་ཞི་རྒོལ་སྐད་འབོད་གནང་སྟེ་རང་ལུས་མེར་སྲེག་བཏང་བ་དང་། དེ་རྗེས་སི་ཁྲོན་ཁུལ་གྱི་སྨན་ཁང་ཞིག་གི་ནང་འཁྱེར་འདུག་ཀྱང་། ཁྲེན་ཏུར་མ་འབྱོར་གོང་ལམ་བར་འདས་གྲོངས་སུ་གྱུར་འདུག  དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ནི། ཕ་སོ་བཀྲ་དང་མ་དབུ་རྒྱན་སྒྲོལ་མ་རྣམ་གཉིས་ཀྱི་བུ་ཡིན་འདུག །

Share with your friends










Submit