མདུན་ཤོག » གསར་གནས། » བོད་ནང་གི་ཛ་དྲག་གནས་ཚུལ། »

རྒྱ་ནག་གཞུང་གིས་རེབ་གོང་རོང་པོ་དགོན་པའི་དགེ་འདུན་པ་ཆོས་འཕེལ་ལགས་ལ་བཙོན་འཇུག་ཁྲིམས་ཐག་བཅད་པ།

Share with your friends










Submit

༢༠༡༦ ཟླ་ ༢ ཚེས་ ༢༥ རེས་གཟའ་ཕུར་བུ།

11998195_817307278367334_1078748470_n༄༅། །ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༡༧ ཉིན་བོད་རེབ་གོང་རོང་པོ་དགོན་པའི་གྲྭ་ཆོས་འཕེལ་ལགས་ལ་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས་སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ཟླ་བ་བདུན་རིང་བཀག་ཉར་འདྲི་རྩད་བྱས་མཐར་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

དེ་ཡང་བརྒྱུད་ལམ་ཁག་གི་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྨ་ལྷོ་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་གིས། ཆ་འཕྲིན་བརྒྱུད་ལམ་ཁག་གི་ནང་༸གོང་ས་མཆོག་གི་སྐུ་པར་བརྒྱུད་སྐུར་དང་ཉར་ཚགས་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་པའི་ཉེས་མིང་འོག་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་ལ་ལོ་གཉིས་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་དེ་ད་ལྟའི་ཆར་རེབ་གོང་རྫོང་གི་བྲག་དམར་འོག་བཙོན་ཁང་དུ་བཅུག་ཡོད་པ་དང་། ཁྲིམས་ཐག་བཅད་ནས་ཉིན་བཅུའི་རྗེས་སུ་ནང་མི་རྣམས་བལྟ་རུ་ཡོང་ཆོག་སྐོར་བཤད་ཡོད་འདུག

ཕྱི་ལོ་ ༢༠༡༥ ཟླ་ ༧ ཚེས་ ༡༠ ཉིན་ཐུན་རིན་རྫོང་གི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པས་དགེ་འདུན་པ་སྒོ་དམར་ཆོས་འཕེལ་ལགས་དགོན་པའི་ནང་ནས་འཛིན་བཟུང་བཙན་ཁྲིད་བྱས་ཡོད། རྒྱ་གཞུང་གིས་ཁོང་འཛིན་བཟུང་བྱེད་དགོས་དོན་ནི་ཁོང་གི་གྲྭ་ཤག་ཏུ་སྔོག་གཤེར་བྱེད་སྐབས་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱས་ཡོད་སྐོར་བཤད་ནས་འཛིན་བཟུང་བྱས་པ་ཞིག་ཡིན་པ་དང། ད་ལྟ་བར་ཟླ་བ་བདུན་ལྷག་རིང་ཁོང་ལ་འདྲི་རྩད་དང་གཅར་རྡུང་། བཀག་ཉར་བྱས་མཐར་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།
དགེ་འདུན་པ་ཆོས་འཕེལ་ལགས་ནི། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་གཉན་ཐོག་ཡུལ་ཚོ་སྒོ་དམར་གྲོང་ཚོའི་ཀླུ་བྱམས་ཀྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༤༧ ཡིན་པ་དང་། ཆུང་དུས་ནས་རེབ་གོང་རོང་པོ་དགོན་པའི་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཞུགས་ཏེ་ད་ལྟ་འདུལ་བ་འཛིན་གྲྭར་བསླེབས་ཡོད་འདུག །

Share with your friends










Submit