༢༠༡༤ ཟླ་ ༡༠ ཚེས་ ༡༤་རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༣ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བལ་ཡུལ་དུ་རྟེན་གཞི་བྱས་པའི་ (Tibetan and Himalayan People Programme) ཞེས་པའི་གོ་སྒྲིག་འོག་ཨ་རིའི་མཐོ་སློབ་ཁག་ ༡༥ ནང་སློབ་གཉེར་བྱེད་བཞིན་པའི་སློབ་ཕྲུག་གྲངས་ ༢༠ ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞིའི་མཚོན་ལྷན་ཁང་ཁག་གི་བྱེད་སྒོ་ངོ་སྤྲོད་དང་། ལྷག་པར་བོད་ནང་གི་ཛ་དྲག་གནས་སྟངས་དང་། དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ། བྱུང་རིམ། གོ་དོན། བོད་མིའི་སྒྲིག་འཛུགས་ངོས་ནས་དབུ་མའི་ལམ་གྱི་སྲིད་བྱུས་གཞིར་བཟུང་རྒྱ་ནག་གཞུང་དང་ལྷན་དུ་འབྲེལ་མོལ་བརྒྱུད་བོད་དོན་བདེན་མཐའ་གསལ་ཐབས་ལ་འབད་བརྩོན་ཞུ་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་ཟབ་རྒྱས་གནང་བ་མ་ཟད། དྲི་བར་ལན་འདེབས་ཀྱང་གནང་སོང་།