མདུན་ཤོག » གསར་གནས། » གསར་འགོད་གསལ་བསྒྲགས། » གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

ཆོས་དགེའི་འོས་སྦྱོང་གསལ་བསྒྲགས། (ཕར་འགྱངས།)

Share with your friends










Submit

༢༠༡༤ ཟླ་ ༧ ཚེས་ ༣ རེས་གཟའ་ཕུར་བུ།

༄༅། །འདི་ག་ཤེས་རིག་ལས་ཁུངས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་བཞེད་དང་རང་རེ་སློབ་ཕྲུག་རྣམས་ལ་རིགས་ལམ་ནང་ཆོས་དང་བཟང་སྤྱོད་ཀྱི་སློབ་གསོ་གཙོ་བོར་གྱུར་པའི་བོད་ཀྱི་ཐུན་མིན་རིག་གཞུང་སློབ་ཁྲིད་གནང་མཁན་གྱི་ཆོས་དགེ་ཚད་ལྡན་བསྐོ་གཏོང་ཆེད། ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༡ ནས་ཟླ་ ༡༢ ཚེས་ ༣༡ བར་ཟླ་བ་བཞིའི་རིང་ཆོས་དགེ་གྲངས་ ༡༥ ལ་ཆོས་དགེའི་སྦྱོང་བརྡར་ཞིག་ས་རཱ་མཐོ་སློབ་ཏུ་གོ་སྒྲིག་ཞུ་རྒྱུ་དང༌། ཐོག་མའི་ཟླ་བ་གསུམ་རིང་ནང་ཆོས་ཁྲིད་ཐབས་ཐོག་གཞི་རིམ་འོག་མའི་ཨང་རྩིས་དང་ཚན་རིག་རྨང་གཞི་ངོ་སྤྲོད་དང༌། བོད་ཀྱི་བརྡ་སྤྲོད་རིག་པ། སློབ་ཁྲིད་ཐབས་ལམ། བྱིས་པའི་སེམས་ཁམས་རིག་པ་བཅས་ཀྱི་སྐོར་སློབ་ཁྲིད་གནང་རྒྱུ་དང༌། དེ་རྗེས་མཐའ་མའི་ཟླ་བ་གཅིག་རིང་སློབ་གྲྭ་ཁག་ནང་སློབ་ཁྲིད་ལག་བསྟར་ཆེད་བསྐྱོད་གནང་རྒྱུ་ཡིན་པས། ཆོས་དགེའི་འོས་སྦྱོང་ནང་ཞུགས་བློ་ཡོད་པའི་ཁར་གཤམ་གསལ་ཆ་རྐྱེན་ཚང་བ་རྣམས་ནས་ཕྱི་ཟླ་ ༨ ཚེས་ ༡༠ འགྱངས་མེད་འདི་ག་ལས་ཁུངས་ཀྱི་ཁ་བྱང་ཐོག་འཚང་སྙན་འབུལ་འབྱོར་ཟིན་པ་དགོས་རྒྱུ་དང༌། དུས་བཀག་རྗེས་འཚང་སྙན་འབུལ་འབྱོར་བྱུང་རིགས་རྣམས་རང་བཞིན་གྱིས་རྩིས་མེད་འགྲོ་རྒྱུ་མ་ཟད། ཆ་རྐྱེན་ཚང་ཞིང་སྙན་ཞུ་དུས་ཐོག་འབྱོར་རིགས་རྣམས་རྒྱུགས་སྤྲོད་ཀྱི་ལམ་ནས་འདེམས་སྒྲུག་བྱ་རྒྱུ་ཡིན།

དགོས་ངེས་ཆ་རྐྱེན།
བཤད་གྲྭ་གང་རུང་ནང་ལོ་བཅུ་གཞུང་ཆེན་ཁག་ལ་སློབ་གཉེར་གནང་བའི་ལག་འཁྱེར་རམ་ཉེ་བའི་གཙུག་ལག་རབ་འབྱམས་དང་ཚད་མཉམ་པའི་ལག་འཁྱེར་གྱི་ངོ་བཤུས།

1. རབ་བྱུང་གི་རྟེན་ལ་གནས་ཤིང༌། རང་ལོ་ ༢༧ ནས་ ༤༢ ཡིན་པའི་སྐྱེས་ཚེས་ལག་འཁྱེར་གྱི་ངོ་བཤུས།

2. ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༣༡ བར་དཔྱ་ཁྲལ་ལག་དེབ་ཀྱི་འབུལ་འབབ་གཙང་འབུལ་ཟིན་པའི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

3. ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༡ བར་དུས་འགྱངས་ཞུས་པའི་སྐྱབས་བཅོལ་ལག་དེབ་ཀྱི་ཤོག་ངོས་དང་པོ་དང་མཐའ་མའི་ངོ་བཤུས།

4. ངོས་འཛིན་ཡོད་པའི་སྨན་ཁང་ཞིག་ནས་ལུས་ཐང་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ངོ་མ།

5. འབྲེལ་བ་བྱ་ཡུལ་གྱི་གློག་འཕྲིན་ཁ་བྱང་ངམ་ཞལ་པར་ཨང་སོགས་ངེས་པར་དུ་སྙན་ཞུའི་ནང་ཁ་གསལ་དགོས་རྒྱུ།

གོང་གསལ་ལག་འཁྱེར་དང་ཡིག་ཆ་ཁག་གི་ངོ་བཤུས་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཟུང་དྲུང་གནས་རིམ་ཡན་ནམ། ས་གནས་འགོ་འཛིན། ཡང་ན་བོད་མིའི་སློབ་གྲྭའི་སློབ་སྤྱི་བཅས་གང་རུང་གིས་ངོ་བཤུས་ཡིག་ཆ་ཁག་དངོས་བདེན་ཡིན་པའི་དག་མཆན་ངེས་པར་དུ་འཁོད་དགོས་པ་བཅས་ཀྱི་གསལ་བསྒྲགས་སུ། ཕྱི་ལོ་ ༢༠༡༤ ཟླ་ ༧ ཚེས་ ༣ ལ།།
འབྲེལ་གཏུགས་ཁ་བྱང།
SECRETARY
Department of Education
CTA,Gangchen Kyishong
Dharamsala- 176215 (H.P.) India
Fax: 01892-223481   Tel: 01892-222572/222721,
E-mail: doe.traditional@tibet.net   or education@tibet.net
Website: www.sherig.org

Share with your friends










Submit