མདུན་ཤོག » གསར་གནས། » པར་རིས་གནས་ཚུལ། »

༸གོང་ས་མཆོག་གིས་ཕྱི་ལོའི་གནམ་ལོ་གསར་བཞད་ལ་འཚམས་འདྲི་མཛད་པ།

༢༠༡༤ ཟླ་ ༡ ཚེས་ ༢ རེས་གཟའ་ཕུར་བུ།

689༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་བྱེས་ཀྱི་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་རྭའི་ནང་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་བཀའ་ཆོས་སྩོལ་སྐབས་དང་སྟབས་བསྟུན། ཆོས་ཞུ་བ་ཕྱི་རྒྱལ་དད་ལྡན་མང་ཚོགས་ལ་ཕྱི་ལོའི་གནམ་ལོ་གསར་བཞད་ལ་འཚམས་འདྲི་མཛདདོན། ཕྱི་རྒྱལ་བ་ཁྱེད་རྣམ་པར་ཕྱི་ལོའི་གནམ་ལོ་གསར་བཞད་ལ་སྤྲོ་པོ་ཡོང་བའི་འཚམས་འདྲི་ཡོད། གསར་དུ་བཞད་པའི་ལོ་འདི་སྤྲོ་སྣང་ལྡན་པ་ཞིག་ཡོང་དང་ཡང་ན་སྡུག་བསྔལ་བ་ཞིག་ཡོང་མིན་དེ་ང་ཚོ་ཚང་མར་རག་ལུས་ཡོད། ལོ་གསར་པ་འདིར་ནང་སེམས་ལ་ཞི་བདེ་ལྡན་པ་ཞིག་བསྐྲུན་དགོས་པ་ཡིན། ཞེས་འཚམས་འདྲི་མཛད་ཡོད། བརྙན་འཕྲིན་གཟིགས་ཆེད་འདིར་གནོན།