ཟླ་བ་ ༡༠ ཚེས ༢༡ ༢༠༡༣
Published By b

༢༠༡༣ ཟླ་ ༡༠ ཚེས་ ༢༡ རེས་གཟའ་ཟླ་བ།

༄༅། །ཕྱི་ལོ་ ༢༠༡༣ ཟླ་ ༡༠ 2013-10-18-NewYork-G06ཚེས་ ༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མེཀ་སི་ཀོ་ནས་ཨ་རིའི་གྲོང་ཁྱེར་ནིའུ་ཇར་སི་མངའ་སྡེའི་གྲོང་ཁྱེར་ཆེ་ཤོས་མེ་ཝཀ་ Newark Airport གནམ་ཐང་དུ་༸ཞབས་སོར་བདེ་བར་འཁོད་སྐབས་ཀུན་ཁྱབ་ཐར་འདོད་གླིང་ཆོས་ཚོགས་དང་གྷེར་ཐེབས་རྩའི་ The Gere Foundation གཉིས་ཀྱི་སྐུ་ཚབ་ཏུ་རྭ་སྟོད་སྐྱོང་བླ་རིན་པོ་ཆེ་མཆོག་དང་། རྭ་སྟོད་གྲྭ་ཚང་གི་མཁན་པོ་སྐུ་ཞབས་ནོ་ཁོ་ལ་སི་ཝི་རིལེན་ཌི་ Nicholas Vreeland མཆོག དེ་བཞིན་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་སྐུ་ཞབས་རི་ཆ་ཌི་གྷེ་རི་ Richard Gere མཆོག་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་གནམ་ཐང་ནས་བཞུགས་གནས་མགྲོན་ཁང་དུ་ཆིབས་སྒྱུར་བསྐྱངས་སྐབས་བོད་མིའི་སྲོལ་རྒྱུན་བཀྲ་ཤིས་ཞོལ་པའི་འཁྲབ་སྟོན་གྱི་ལམ་ནས་སེར་སྐྱ་མང་ཚོགས་དང་བོད་ཀྱི་གྲོགས་པོ། དེ་བཞིན་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་དང་བདུག་སྤོས་སོགས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་མཆོག་གིས་བྷེ་ཀོན་ཚོགས་ཁང་དུ་ཆིབས་སྒྱུར་བསྐྱངས་སྟེ་སེར་སྐྱ་མང་ཚོགས་ ༣༠༠༠ བརྒལ་བར་ཆོས་འབྲེལ་དབུ་འཛུགས་མཛད།

དེ་ཡང་མགོན་པོ་གང་ཉིད་མཆོག་གིས་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་སྐུ་ཞབས་རི་ཆ་ཌི་གྷེར་མཆོག་གིས་ངོ་སྤྲོད་གནང་རྗེས་མགོན་པོ་གང་ཉིད་མཆོག་ཞུགས་ཁྲིར་༸ཞབས་སོར་འཁོད། སྐབས་དེར་ཐོག་མར་ད 2013-10-18-NewYork-G02གེ་འདུན་པ་ཁག་གཅིག་གིས་པ་ལི་དང་ལེགས་སྦྱར་སྐད་ཀྱི་ཐོག་ཤིས་བརྗོད་གྲུབ་མཚམས་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན། ཆོས་འབྲེལ་འདི་ལྟ་བྱ་རྒྱུའི་དགོས་དམིགས་གཙོ་བོ་ནི་སེམས་ལ་འགྱུར་བ་བཏང་སྟེ་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་སྐྲུན་རྒྱུ་ཡིན། ང་ཚོས་འབད་བརྩོན་བྱས་པ་ཡིན་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་ཀྱི་རིགས་ཡོད་པ་སྟོན་པས་གསུངས་ཡོད། དེར་བརྟེན་སེམས་ཅན་ཐམས་ཅད་སངས་རྒྱས་རུང་ཡིན། ཞེས་བཀའ་སྩལ་བ་དང་སྦྲགས་མགོན་པོ་གང་ཉིད་མཆོག་ས་གནས་གང་དུ་ཆིབས་སྒྱུར་བསྐྱངས་ནའང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ་དོན།

རྒྱ་གར་ནང་ཨ་རིའི་རིག་གཞུང་གི་ཤན་ཞུགས་ནས་ཕྱི་རྒྱལ་རིག་གཞུང་གིས་བཙན་འཛུལ་བྱེད་བཞིན་འདུག་བསམ་མཁན་ཡོད་པ་ལྟར་ངོས་ཀྱིས་ཨེ་ཤི་ཡའི་རིག་གཞུང་འདིར་ཁྱབ་སྤེལ་བཏང་ནས་ཨ་རིའི་ནང་བཙན་འཛུལ་བྱ་རྒྱུའི་ཀུན་སློང་རྩ་བ་ཉིད་ནས་མེད། དེ་འདྲ་རེད་བསམ་ནམ་ཡང་མ་དྲན་རོགས། ངོས་ཀྱིས་རིག་གཞུང་མི་འདྲ་བ་གཉིས་དབར་ཕན་ཚུན་ལེགས་ཆ་བླང་རེས་བྱ་རྒྱུ་གལ་ཆེ་ཡིན་པ་བསམ་བཞིན་ཡོད། ཡེ་ཤུའི་དགོན་སྡེ་ཁག་གི་ནང་ངོས་ 2013-10-18-NewYork-G04ཀྱི་ཆོས་གྲོགས་ཁག་གཅིག་གིས་ནང་ཆོས་ནས་ལེགས་ཆ་བླངས་ནས་ཉམས་ལེན་གནང་བཞིན་པ་ལྟར། ངོས་ནས་ཀྱང་ལོ་ངོ་ལྔ་བཅུ་ཙམ་གྱི་རིང་ནང་པའི་དགེ་བཙུན་རྣམས་ལ་ཡེ་ཤུའི་ཆོས་པ་ཚོ་ལྟར་ཤེས་ཡོན་དང་འཕྲོད་བསྟེན་སོགས་སྤྱི་ཚོགས་ཀྱི་བདེ་དོན་ལ་སྨིན་པའི་ཕྱག་ལས་གནང་སྟངས་མིག་དཔེ་ལྟ་དགོས་པའི་འབད་བརྩོན་བྱས་ཡོད། ཡེ་ཤུའི་ཆོས་ཉམས་ལེན་པ་ཚོས་དོན་ཉུང་བ་དང་བྱ་བ་ཉུང་བའི་ཐོག་ནས་མི་ཚེ་སྐྱལ་སྟངས་དེར་ངོས་ཀྱིས་ཡི་རངས་ཞུ་བཞིན་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་རྗེས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱད་སྟོང་པའི་ཆོས་འབྲེལ་དབུ་འཛུགས་མཛད་ཡོད་པ་བཅས།།།

Share with your friends










Submit