མདུན་ཤོག » གསར་གནས། » གསར་འགོད་གསལ་བསྒྲགས། » སྤྱི་ཡོངས་གསལ་བསྒྲགས། »

གལ་ཆེའི་གསལ་བསྒྲགས།

 

༄༅། །དཔལ་ལྡན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལྷན་ཁང་ཁག་དང་། ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ལྷན་རྒྱས་དང་ས་གནས་འགོ་འཛིན་ཡོངས་ལ།
ཆེད་ཞུ། ད་ལམ་དིལླི་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༡ འཁོད་གསལ་བསྒྲགས་ཕུལ་དོན་ལྟར་རེ་ཞིག་རྒྱ་གར་གཞུང་གི་ངོ་སྤྲོད་ཕྱག་འཁྱེར་སེར་པོ་བཟོ་བསྐྲུན་ཁང་གི་གློག་ཀླད་སྐྱོན་ཤོར་བ་དང་ཕྱག་འཁྱེར་སེར་པོ་བཟོ་བསྐྲུན་ཁང་གསར་པའི་འགེངས་ཤོག་སོགས་གྲ་སྒྲིག་དུས་ཐོག་ཐུབ་མིན་སོགས་ལ་བརྟེན་ནས་རེ་ཞིག་དལ་འགྲོས་བྱུང་ཡོད།

ད་ཆ་སྔར་དང་མི་འདྲ་བའི་དེང་རབས་དང་མཐུན་པའི་དྲ་རྒྱའི་བརྒྱུད་འགེངས་ཤོག་བཀང་དགོས་པ་དང་འགེངས་ཤོག་དེའང་དྲ་རྒྱའི་འབྲེལ་ཐག་ www.passportindia.gov.in བརྒྱུད་འགེངས་ཤོག་བཀང་རྒྱུའི་ལམ་སྟོན་ཡིག་ཆ་ལྟར་བཀང་ནས་དོ་བདག་གི་ས་རྟགས་སམ་མཛུབ་ཐེ་འཁོད་པའི་འགེངས་ཤོག་དང་། སྔར་ལམ་ལྟར་དགོས་མཁོའི་ཡིག་ཆ་གཞན་ཁག ཕྱེད་པར་རྒྱབ་ལྗོངས་དཀར་པོ་ཅན་གྲངས་བཞི། གླ་ཡོན་ཧིན་སོར་ ༡༡༠༠། ༠༠ ཐམ་པ་དང་གསར་བཟོ་བ་རྣམས་ལ་དཔལ་ལྡན་བཀའ་ཤག་གི་རྒྱབ་གཉེར་བཅས་དིལླི་དོན་གཅོད་ཁང་གི་ཕྱག་འཁྱེར་སེར་པོའི་སྡེ་ཚན་ལ་ཟླ་བ་གཅིག་གི་ནང་ཚུད་ངེས་པར་དུ་འབྱོར་ཟིན་པ་དགོས་རྒྱུ། གལ་ཆེའི་གསལ་བསྒྲགས་འདིའི་ ལྷན་དུ་དྲ་རྒྱའི་བརྒྱུད་འགེངས་ཤོག་འགེངས་ཕྱོགས་ཀྱི་ལམ་སྟོན་ཨིན་བོད་ཤན་སྦྱར་ཡིག་ཆ་འབུལ་ལམ་ཡོད་པས་ལམ་སྟོན་ཡིག་ཆ་ཁག་ལ་ཡིད་གཟབ་དོ་ནན་བཀླག་གནང་ཡོང་བ་ཞུ་བཅས་དིལླི་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༣ ཟླ་ ༠༢ ཚེས་ ༡༦ ཉིན།

འགེངས་ཤོག་བཀང་ཕྱོགས་ཀྱི་ལམ་སྟོན།