༢༠༡༢ ཟླ་ ༨ ཚེས་ ༡༨ རེས་གཟའ་སྤེན་པ།
༄༅། །འདི་གར་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་ལགས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༧ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༧ ཉིན་རྔ་པ་རང་སྐྱོང་ཁུལ་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་ཞང་ད་ཐོག་སྡེ་བའི་གཞིམ་གོན་ཚང་གི་གྲྭ་བློ་བཟང་སེང་གེ་ལགས། རང་ལོ་ ༡༩ ཡས་མས་ཅན་དང་། ཚོ་བདུན་ཞང་གཙུག་ཚེ་སྡེ་བའི་མོས་སྐོས་གྱོ་ཚང་གི་གྲྭ་ཡར་འཕེལ་ལགས། རང་ལོ་ ༡༨ ཡས་མས། ཚོ་བདུན་ཞང་མཁར་དགུ་སྡེ་བའི་གྲྭ་རྣམ་སྲས་ལགས། རང་ལོ་ ༡༨ ཡས་མས་ཡིན་པ་བཅས་འདི་ཟླའི་ཚེས་ ༡༢ ཉིན་གྱི་མཚན་མོ་དགོན་པའི་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཤིང་། ད་བར་གང་དུ་ཁྲིད་ཡོད་མེད་སོགས་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མེད། ཁོང་གསུམ་ནི་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་པ་ཡིན་ཞིང་། བློ་བཟང་སེང་གེ་ལགས་དང་རྣམ་སྲས་ལགས་གཉིས་འཛིན་གྲྭ་ཁ་མདོག་གོང་མ་དང་། ཡར་འཕེལ་ལགས་འཛིན་གྲྭ་རྟགས་རིགས་ཡིན་འདུག དེ་བཞིན་རྔ་པ་རང་སྐྱོང་ཁུལ་གྱི་བཙན་ལྷ་རྫོང་ནས་ཡིན་པའི་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཐུབ་དབང་བསྟན་འཛིན་ལགས། རང་ལོ་ ༢༠ ཙམ་དང། འཛིན་གྲྭ་གཞུང་གསར་ཡིན་པ་ཁོང་དང་། ཚོ་བདུན་ཞང་ད་ཐོག་སྡེ་བའི་སྤོད་ས་ཁེར་ཚང་གི་གྲྭ་ཨ་སྲུང་ལགས། རང་ལོ་ ༢༢ ། འཛིན་གྲྭ་དགེ་འདུན་ཉི་ཤུ་ཡིན་པ་ཁོང་གཉིས་འདི་ཟླའི་ཚེས་ ༡༦ གི་མཚན་མོའི་དུས་ཚོད་ ༤ ཙམ་ལ་གྲྭ་ཤག་སོ་སོ་ནས་འཛིན་བཟུང་བྱས་ཡོད་ཀྱང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་ཁ་བྱུང་མེད། དེ་སྔོན་ཚོ་བདུན་ཀིརྟི་དགོན་པའི་རྒྱལ་གཅེས་དཔའ་བོ་གྲྭ་བསྟན་པ་དར་རྒྱས་ལགས་དང་། འཆི་མེད་དཔལ་ལྡན་ལགས། བློ་བཟང་བློ་འཛིན་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་སྐོར་ལ་འདི་ཟླའི་ཕྱི་ཚེས་ ༡༣ ཙམ་ནས་མཚན་མོ་རྟག་པར་ཚོ་བདུན་ཀིརྟི་དགོན་པའི་གྲྭ་ཤག་རེ་རེ་བཞིན་ཉེན་རྟོག་པ་མང་པོས་མེ་མདའ་སོགས་ལག་ཆ་འདྲ་མིན་བཟུང་ནས་ཉུལ་ཞིབ་བྱས་ཏེ་དགེ་འདུན་པ་རྣམས་ལ་གཅར་རྡུང་དང་འདྲི་རྩད་སྣ་ཚོགས་བྱས་དང་བྱེད་མུས་ཡིན་འདུག་པའི་ཧ་ཅང་ཛ་དྲག་གི་གནས་སྟངས་སུ་གྱུར་ཡོད། གནས་ཚུལ་འགྲེལ་བརྗོད་པས་བཤད་ན། གོང་གསལ་དགེ་འདུན་པ་དག་ཀྱང་དེ་སྔོན་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་དང་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འཛིན་བཟུང་བྱས་པ་ཡིན་པའི་གླེང་སློང་ཡོང་གི་ཡོད་ཀྱང་། དོན་དངོས་ཐོག་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་གསལ་པོ་ཤེས་རྟོགས་ཐུབ་མེད་པ་བཅས།

བོད་ཀྱི་དྭང་ཞབས་ཞིག་གནང་དང་།
དང་བླངས་དཔྱ་དངུལ་ལག་དེབ།
ལས་བྱེད་ཡིག་རྒྱུགས་སློབ་ཚན།
གསར་གནས།
-
གསར་གནས་གསར་ཤོས།Open or Close
- ༈ ཨ་རིའི་གྲོས་ཚོགས་གོང་མའི་ཁྲིམས་ལུགས་ཚོགས་ཆུང་གིས་བོད་མི་སྐྱབས་བཅོལ་བ་ ༥༠༠༠ ལ་ཐོངས་མཆན་སྤྲོད་རྒྱུར་ངོས་ལེན་བྱས་པར་སྲིད་སྐྱོང་གིས་དགའ་བསུ་ཞུས་པ།
- བཀྲིས་ལྗོངས། སྦིར་དང༌། ཅོན་ཏ་ར་ས་གནས་སུ་བོད་མི་མང་སྤྱི་འཐུས་འཚམས་གཟིགས།
- ཀར་ན་ཊ་ཀ་མངའ་གཞུང་གིས་བོད་མིའི་དཀའ་སེལ་ཆེད་ཚོགས་འདུ་ཚོགས་པ།
- མཐོ་རིམ་སློབ་གཉེར་བ་རྣམས་ལ་དེང་གི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་ཅེས་པའི་ཟབ་སྦྱོང་ཐེངས་ ༡༢ དེ་དབུ་འཛུགས་གནང་བ།
- སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་སུད་སི་མདོ་སྨད་མི་མང་གི་བཀའ་དྲིན་རྗེས་དྲན་གྱི་གསེར་གྱི་གཟེངས་རྟགས་ཕུལ་བ།
- ཨུ་རུ་སུའི་ནང་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ལས་འགུལ་སྤེལ་བ།
- སྲིད་སྐྱོང་མཆོག་སུ་ཝེ་ཌེན་ནང་ཕེབས་སྐབས་བོད་དོན་དྲིལ་བསྒྲགས་རྒྱ་ཅེ་བྱུང་བ།
- ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་བརྩེ་བརྒྱུད་སྙིང་སྟོབས་གོང་འཕེལ་གཏོང་རྒྱུའི་སྐོར་མང་ཚོགས་བཀའ་སློབ་སྩལ་བ།
-
གསུང་འཕྲིན་ཁགOpen or Close
- ༄༅། །བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
- ཕྱི་ལོ་ ༢༠༡༣ གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་སྤེལ་བའི་དཔལ་ལྡན་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད།
- སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཉི་ཤུ་རྩ་གསུམ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤེལ་བའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེའི་གཏམ་བཤད།
- བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
- བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༢ པའི་ཐོག་སྤེལ་བའི་བཀའ་ཤག་གི་གཏམ་བཤད།
- ༈ ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དོན་བདུན་དུ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།
- ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
-
གསར་འགོད་གསལ་བསྒྲགས།Open or Close
- ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།
- དགའ་ལྡན་ཕོ་བྲང་ཡིག་ཚང་གི་གལ་ཆེའི་གསར་འགོད་གསལ་བསྒྲགས།
- ལྡི་ལི་ཤེས་རིག་དཔར་ཁང་དབུས་ལ་ལས་བྱེད་ས་སྟོང་གསལ་བསྒྲགས།
- གལ་ཆེའི་གསལ་བསྒྲགས།
- ཉིན་བརྒྱ་དུས་གཅིག་ཏུ་འཚོགས་རྒྱུའི་མཆོད་འབུལ་སྨོན་ལམ་གྱི་གསར་འགོད་གསལ་བསྒྲགས།
- གསར་འགོད་གསལ་བསྒྲགས།
- བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ།
- བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་གསར་འགོད་བསྒྲགས་གཏམ།
-
སྤྱི་ཡོངས་གསལ་བསྒྲགས།Open or Close
- གསལ་བསྒྲགས།
- ལས་བྱེད་ས་མིག་གསལ་བསྒྲགས།
- དུས་དབང་ཐེངས་ ༣༣ པ་སྩལ་གཏན་ཁེལ་བའི་གསལ་བསྒྲགས།
- ཟབ་སྦྱོང་ལ་འཚང་སྙན་འབུལ་དུས།
- ལས་བྱེད་གསར་འདེམས་སྐབས་ཡིག་རྒྱུགས་ཀྱི་སློབ་ཚན།
- ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།
- ས་མིག་གསལ་བསྒྲགས།
- ལས་བྱེད་གསར་འདེམས་གསལ་བསྒྲགས།
- གློག་འཕྲིན་དང་ཨར་ཨེས་ཨེས་བརྒྱུད་རྒྱུན་མངགས།Open or Close
གློག་བརྙན།
སྐུ་པར།
དུས་དེབ།







