༢༠༡༢ ཟླ་ ༨ ཚེས་ ༡༠ རེས་གཟའ་པ་སངས།
༄༅། །འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༠ ཉིན་བཏང་གནས་ནང་འཁོད་དོན། རྒྱ་ནག་སྐམ་ས་ཐེ་ཝན་ལས་དོན་མཐུན་ཚོགས་ཀྱི་འགན་འཛིན་གྲན་ཡུན་ལིན་ཐེ་ཝན་ནང་མཚོ་འགག་གཉིས་དབར་མཉམ་འབྲེལ་ལས་དོན་བྱེད་ཕྱོགས་སྐོར་གན་ཡིག་འཇོག་རྒྱུར་འབྱོར་ཡོད་པ་ལྟར། ཐེ་ཝན་རང་བཙན་རྩོད་མཁན་ཡུལ་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ། རྩ་རླུང་སྒོམ་གྲུབ་ཚོགས་པ། ཐེ་ཝན་ནང་གནས་སྡོད་བོད་མི་སོགས་ནས་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་ཡོད། དེ་ཡང་ཕྱི་ཚེས་ ༩ སྔ་དྲོ་ཉིན་དང་པོའི་ཚོགས་འདུ་ཚོགས་ཡུལ་དུ་བོད་རིགས་ཚོགས་པ་དང་། ས་གནས་བོད་ཀྱི་གཞོན་ནུ་བཅས་ཀྱི་ཚོགས་མི་ཁག་གཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ཏེ་ངོ་རྒོལ་སྐད་འབོད་བྱས་ཡོད།
དེ་བཞིན་བོད་མི་ཚོས་བཀྲམ་པའི་གསར་འགོད་གསལ་བསྒྲགས་ནང་འཁོད་དོན། རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་ཆེད་བོད་མི་ཚོས་རང་ལུས་མེར་སྲེག་གཏོང་བཞིན་ཡོད། འོན་ཀྱང་རྒྱ་གཞུང་གིས་མུ་མཐུད་གདུག་རྩུབ་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་སྟབས། ང་ཚོ་ཐེ་ཝན་དུ་ཡོད་པའི་བོད་མི་ཚོས་བོད་ནང་གི་བོད་མིའི་ཚབ་ཞུས་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང་དུས་མཚུངས། ང་ཚོས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་འབོད་སྐུལ་ཞུ་རྒྱུར། བོད་ནང་གི་བོད་མི་རྣམས་སྡུག་སྦྱོང་འོག་ནས་ཐར་ཏེ། ཆོས་དད་རང་དབང་དང་། སྨྲ་བརྗོད་རང་དབང་ཡོད་དགོས། ང་ཚོས་ཐེ་ཝན་མི་མང་ལ་དྲན་སྐུལ་གཏོང་རྒྱུར། རྒྱ་གཞུང་གིས་ཐོག་མར་བོད་ནང་བཙན་འཛུལ་བྱེད་སྐབས་ཆིངས་ཡིག་དོན་ཚན་བཅུ་བདུན་ཟེར་བ་བཞག་མྱོང་ཡོད། དེ་རྗེས་ཡང་རྒྱ་ནག་གི་རྩ་ཁྲིམས་ནང་མི་རིགས་རང་སྐྱོང་གི་ཐོབ་ཐང་གསལ་པོ་བཀོད་ཡོད་ཀྱང་། ཚང་མ་ཁ་དན་ཚིག་ལ་མ་གནས་པར། དེང་གི་བོད་ནི་རྒྱ་ནག་གི་མི་སེར་སྤེལ་ཡུལ་ཞིག་ཏུ་གྱུར་ཡོད་ཅེས་སོགས་གསལ་ཡོད།
ད་བར་མཚོ་འགག་གཉིས་ཀྱི་ལས་དོན་མཉམ་འབྲེལ་བྱ་ཕྱོགས་སྐོར་གན་ཡིག་འཇོག་པའི་ཚོགས་འདུ་ཐེངས་བདུན་ཚོགས་ཟིན་པ་དང་། ཚོགས་འདུ་ཐེངས་གསུམ་ཐེ་ཝན་ནང་ཚོགས་སྐབས་བོད་མི་ཚོས་རྣམ་པ་འདྲ་མིན་གྱི་ངོ་རྒོལ་བྱེད་པར་བསྐྱོད་ཡོད་ལ། ད་ཐེངས་ཐེངས་བརྒྱད་པའི་ཚོགས་འདུ་དང་། མི་སྣ་ཐུག་འཕྲད་སོགས་ཀྱི་ལས་རིམ་ཚང་མ་ཐེ་ཝན་གཞུང་ནང་གསང་རྒྱ་དང་། ཚོགས་འདུ་ཚོགས་ཡུལ་ཉེ་འཁོར་ས་གནས་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་བཅས།།

བོད་ཀྱི་དྭང་ཞབས་ཞིག་གནང་དང་།
དང་བླངས་དཔྱ་དངུལ་ལག་དེབ།
ལས་བྱེད་ཡིག་རྒྱུགས་སློབ་ཚན།
གསར་གནས།
-
གསར་གནས་གསར་ཤོས།Open or Close
- སྤྱི་ཚོགས་ཀྱི་འཕྲོད་བསྟེན་སློབ་གསོ་དང་འབྲེལ་བའི་ཟབ་སྦྱོང་།
- ཧིན་སྐད་ཐོག་ཏཱ་ལའི་བླ་མའི་དྲ་རྒྱ་གསར་པ་དབུ་འབྱེད་གནང་རྒྱུ།
- ༸གོང་ས་མཆོག་ཨ་རིའི་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་རྡ་སར་༸ཞབས་སོར་བདེ་བར་འཁོད་པ།
- ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་ལོ་འཁོར་ནང་ཆབ་སྲིད་དང་འབྲེལ་བའི་ལས་དོན་ཇི་ཞུས།
- རྒྱ་ནག་གཞུང་གི་གསང་བའི་ཚན་པས་སྤྱི་བདེ་ཉེན་རྟོག་པ་ཞིག་སོ་མྱུལ་དུ་བཏང་སྟེ་བཙན་བྱོལ་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ར་འཕྲོད་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས།
- སྐུ་ཚབ་དོན་གཅོད་གསར་བསྐོ་དང་གནས་སྤོས་གནང་བ།
- ༸གོང་ས་མཆོག་གིས་ཝི་ཏི་ནམ་ནང་པ་ཁག་གཅིག་ལ་བཀའ་སློབ་སྩལ་བ།
- ཨ་རུ་ན་ཅལ་དུ་བོད་དོན་ཞུ་གཏུག་ལས་འགུལ་མཇུག་བསྒྲིལ་བ།
-
གསུང་འཕྲིན་ཁགOpen or Close
- ༄༅། །བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
- ཕྱི་ལོ་ ༢༠༡༣ གསུམ་བཅུའི་དུས་དྲན་ཐེངས་ ༥༤ པའི་ཐོག་སྤེལ་བའི་དཔལ་ལྡན་སྲིད་སྐྱོང་གི་ཡོངས་ཁྱབ་གསུང་བཤད།
- སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་ལམ་ཞུས་ཏེ་ལོ་ངོ་ཉི་ཤུ་རྩ་གསུམ་འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
- སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ ༢༣ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་སྤེལ་བའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེའི་གཏམ་བཤད།
- བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
- བཙན་བྱོལ་བོད་མིའི་མང་གཙོའི་དུས་ཆེན་ཐེངས་ ༥༢ པའི་ཐོག་སྤེལ་བའི་བཀའ་ཤག་གི་གཏམ་བཤད།
- ༈ ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༦ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་དགུང་གྲངས་དོན་བདུན་དུ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་བཀའ་ཤག་གི་གཏམ་བཤད།
- ༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་མཛད་སྒོའི་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
-
གསར་འགོད་གསལ་བསྒྲགས།Open or Close
- ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།
- དགའ་ལྡན་ཕོ་བྲང་ཡིག་ཚང་གི་གལ་ཆེའི་གསར་འགོད་གསལ་བསྒྲགས།
- ལྡི་ལི་ཤེས་རིག་དཔར་ཁང་དབུས་ལ་ལས་བྱེད་ས་སྟོང་གསལ་བསྒྲགས།
- གལ་ཆེའི་གསལ་བསྒྲགས།
- ཉིན་བརྒྱ་དུས་གཅིག་ཏུ་འཚོགས་རྒྱུའི་མཆོད་འབུལ་སྨོན་ལམ་གྱི་གསར་འགོད་གསལ་བསྒྲགས།
- གསར་འགོད་གསལ་བསྒྲགས།
- བོད་མིའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ཆེན་མོའི་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་བ།
- བོད་མིའི་གདུང་སེམས་མཉམ་སྐྱེད་ལས་འགུལ་ཆེན་མོའི་གསར་འགོད་བསྒྲགས་གཏམ།
-
སྤྱི་ཡོངས་གསལ་བསྒྲགས།Open or Close
- རྒྱ་ནག་གཞུང་གི་གསང་བའི་ཚན་པས་སྤྱི་བདེ་ཉེན་རྟོག་པ་ཞིག་སོ་མྱུལ་དུ་བཏང་སྟེ་བཙན་བྱོལ་སྤྱི་ཚོགས་ནང་དྲག་སྤྱོད་ཀྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ར་འཕྲོད་བྱུང་བའི་ཡོངས་ཁྱབ་གསལ་བསྒྲགས།
- གསལ་བསྒྲགས།
- ལས་བྱེད་ས་མིག་གསལ་བསྒྲགས།
- དུས་དབང་ཐེངས་ ༣༣ པ་སྩལ་གཏན་ཁེལ་བའི་གསལ་བསྒྲགས།
- ཟབ་སྦྱོང་ལ་འཚང་སྙན་འབུལ་དུས།
- ལས་བྱེད་གསར་འདེམས་སྐབས་ཡིག་རྒྱུགས་ཀྱི་སློབ་ཚན།
- ཕྱི་ལོ་ ༢༠༡༣ ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་སྤྱིའི་བོད་དོན་གདུང་སེམས་མཉམ་སྐྱེའི་ཉིན་མོར་སྲུང་བརྩི་ཞུ་རྒྱུ།
- ས་མིག་གསལ་བསྒྲགས།
- གློག་འཕྲིན་དང་ཨར་ཨེས་ཨེས་བརྒྱུད་རྒྱུན་མངགས།Open or Close
གློག་བརྙན།
སྐུ་པར།
དུས་དེབ།







