དཔལ་འབྱོར་ལས་ཁུངས།
བོད་གཞུང་དཔལ་འབྱོར་ལས་ཁུངས་ནི་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་ཕྱི་ལོ་ ༡༩༦༩ ཟླ་ ༥ ཚེས་ ༢༩ ཉིན་དངོས་སུ་དབུ་འཛུགས་གནང་ཞིང་། ལྷན་ཁང་འདིའི་ངོ་བོ་དང་དམིགས་ཡུལ་གཙོ་བོ་ནི། བོད་མིའི་རྩ་དོན་ཆབ་སྲིད་ཀྱི་འཐབ་རྩོད་ཀྱི་གཞི་རྩ་མི་རིགས་དང་རྩ་ཆེའི་ཆོས་དང་རིག་གཞུང་མི་ཉམས་རྒྱུན་འཛིན་ཞུ་རྒྱུའི་རྒྱབ་རྟེན་མེད་དུ་མི་རུང་བ་དཔལ་འབྱོར་འདུ་འགོད་བྱ་རྒྱུའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དགོངས་དོན་གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལོ་འཁོར་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་བཅས་པ་སྔོན་རྩིས་སྒྲིག་དོན་ལྟར་དུས་བཀག་ནང་ཚུད་བཟོ་འབུལ་ཐུབ་པ་དགོས་རྒྱུ་མ་ཟད་བཀའ་ཤག་གི་བཀའ་དགོངས་ལྟར་སྟངས་བཅུན་འགན་འཁུར་རྐང་ལེན་ཞུ་རྒྱུ། བཙན་བྱོལ་བོད་གཞུང་གི་གཞི་རིམ་དཔལ་འབྱོར་གྱི་སྲིད་བྱུས་༸གོང་ས་མཆོག་གིས་ལམ་སྟོན་མཛད་པའི་དབུ་མའམ། འཚེ་བ་མེད་པ། རང་འཚོ་ཐུབ་པ། ཡང་དག་པའི་འཚོ་བ། རང་འབྱུང་ཁམས་ལ་མི་གནོད་པ་བཅས་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བཙན་བྱོལ་བོད་མིའི་དགོས་མཁོ་དང་འཚམས་ཤིང་། མཐར་ཐུག་མ་འོངས་བོད་ཀྱི་དཔལ་འབྱོར་སྲིད་བྱུས་ཀྱི་ལམ་སྟོན་ཐུབ་པ་བྱ་རྒྱུ། སྐབས་བཅིུས་པའི་བཀའ་ཤག་གི་དཔལ་འབྱོར་སྲིད་བྱུས་དགོངས་དོན་གཞུང་གི་ཐད་འཛིན་འོག་ཡོད་པའི་བཟོ་ཚོང་སྡེ་ཚན་རྣམས་སྒེར་བདག་ཅན་དུ་བསྒྱུར་ཐབས་ཀྱི་འཆར་གཞི་བཀོད་སྒྲིག་དང་སྦྲགས་སྒེར་བསྒྱུར་ཟིན་དངུལ་རྣམས་དུས་ཚོད་རྒྱས་དཔྱད་ཐོག་མང་ཚོགས་ཀྱི་དངུལ་བཅོལ་མ་སྐྱེད་རྣམས་ཕྱིར་སློག་བྱ་རྒྱུ་དང་། གཞུང་གི་མ་དངུལ་རྣམས་ཉེན་ཁ་མེད་པའི་མ་འཛུགས་ཁག་ཏུ་གཏན་བཞག་གིས་ལོ་རེའི་སྐྱེད་འབབ་ནས་གཞུང་གྲོན་འདང་ངེས་བཟོ་ཐབས་བྱ་རྒྱུ།
སྤྱི་ཁྱབ་འཛིན་སྐྱོང་།
༡་ སྤྱི་ཁྱབ་དྲུང་ཆེས་སྡེ་ཚན་གསུམ་གྱི་ལས་དོན་དང་ལས་བྱེད་ཀྱི་འཛིན་སྐྱོང་།
༢་ ལས་ཁུངས་སྤྱི་ཡོངས་ཀྱི་འཛིན་སྐྱོང་གནང་རྒྱུའི་ཐོག་ལོ་འཁོར་ལས་བསྡོམས་བཟོ་བསྒྲིགས་གནང་རྒྱུ།
༡་ དཔལ་འབྱོར་ལས་གཞི་སྡེ་ཚན།
ཕྱི་རྒྱལ་རོགས་དངུལ་ཚན་པ། ( སྤྱི་ཚོགས་ཡར་རྒྱས་ཐེབས་རྩ། )
༡་ བོད་གཞུང་ལྷན་ཁང་ཁག་ལ་ཕྱི་རྒྱལ་གཞུང་སྒེར་རོགས་ཚོགས་ཁག་ནས་རོགས་དངུལ་ཐབས་འཚོལ་ཞུ་རྒྱུ་དང་འབྲེལ་བའི་ལས་དོན་ཆ་ཚང་ཚན་པ་འདི་ནས་ཞུ་ཡི་ཡོད། དེ་བཞིན་རོགས་ཚོགས་ཁག་དང་བོད་གཞུང་ལྷན་ཁང་མ་ལག་དང་བཅས་པའི་དབར་འདི་ལས་ནས་རོགས་དངུལ་ཐབས་འཚོལ་ཞུ་རྒྱུའི་འབྲེལ་མཐུད་པའི་ལས་འགན་གཙོ་བོ་ཞུ་བཞིན་ཡོད།
ཕྱི་རྒྱལ་རོགས་དངུལ་ཚན་པའི་ལས་འགན་གཙོ་བོ།
སྲིད་བྱུས་དང་ཉམས་ཞིབ་ཚན་པ།
༡་ སྐྱབས་བཅོལ་བོད་མིའི་སྤྱི་ཚོགས་ནང་ཚོང་འཁོས་ཐབས་ལེན་བྱེད་སྟངས་ལ་ཉམས་ཞིབ་བྱ་རྒྱུ།
༢་ དཔལ་འབྱོར་ཡར་རྒྱས་གཏོང་ཕྱོགས་ཐོག་བསྐྱར་ཞིབ་གནང་སྟེ་མང་ཚོགས་སུ་ཚོང་འབྲེལ་བྱ་ཕྱོགས་སྐོར་རྒྱུས་སྟོན་ཕན་གྲོགས་བྱ་རྒྱུ།
༣་ ཟླ་དྲུག་མཚམས་སྐབས་དུས་སོ་སོའི་དཔལ་འབྱོར་གནས་སྟངས་དང་དཔལ་འབྱོར་གོང་འཕེལ་ཐབས་ལམ་མཛད་ཕྱོགས་ཇི་ཡོད་ཀྱི་སྙན་ཐོ་བཟོ་འདོན་བྱ་རྒྱུ།
༤་ ལོ་རེའི་དཔལ་འབྱོར་གནས་སྟངས་བསྐྱར་ཞིབ་སྙན་ཐོ་བཟོ་འདོན་གྱིས་སྔོན་རྩིས་གྲོས་ཚོགས་སྐབས་སྙན་འབུལ་ཞུ་རྒྱུ།
༡་ ༸གོང་ས་མཆོག་ནས་ཕྱི་རྒྱལ་རྒྱལ་ཁབ་ཁག་ནས་རོགས་དངུལ་ཐབས་འཚོལ་གནང་བར་མཇུག་སྐྱོང་ཞུ་རྒྱུ།
༢་ ཕྱི་རྒྱལ་གྲོས་ཚོགས་ཁག་ནང་ལས་གཞི་ཆེ་ཁག་ཆེད་རོགས་དངུལ་དང་རྒྱབ་བསྐྱོར་ཐབས་འཚོལ་ཞུ་རྒྱུ།
༣་ བཙན་བྱོལ་བོད་གཞུང་གཅིག་བསྡུས་ཡར་རྒྱས་འཆར་གཞིའི་ཆེད་རོགས་དངུལ་མཉམ་རུབ་ཐོག་ཐབས་འཚོལ་ཞུ་རྒྱུ།
༤་ རོགས་དངུལ་གཏན་འཁེལ་ཟིན་མཚམས་རོགས་ཚོགས་ལ་འཆར་གཞི་འབུལ་ཆེད་ལྷན་ཁང་ཁག་ནས་འཆར་གཞི་བསྡུ་རུབ་ཀྱིས་རོགས་ཚོགས་དང་ལྷན་ཁང་དབར་འབྲེལ་མཐུད་ཞུ་རྒྱུ།
༥་ ལས་གཞི་མཐའ་དག་ལག་བསྟར་ཚགས་ཚུད་ཡོང་ཆེད་ཐེབས་རྩ་ནས་ལས་གཞི་ཁག་ལ་སྟངས་འཛིན་དོ་སྣན་ཞུ་རྒྱུ།
སྲིད་བྱུས་དང་ཉམས་ཞིབ་ཚན་པའི་ཐབས་ཇུས་ཀྱི་རམ་འདེགས་ཞུ་ཕྱོགས་ཁག
༡་ གནས་ཚུལ་འགྲེམས་སྤེལ་ཞུ་རྒྱུ། ཚོང་འབྲེལ་གནས་ཚུལ་འགྲེམས་སྤེལ་ཞུ་རྒྱུ།
༢་ མཐུན་འགྱུར་འབྲེལ་མཐུད། བོད་མིའི་ཚོང་པའི་དབར་དང་། ཚོང་པ་གཞན་མཉམ་འབྲེལ་མཐུད་བྱ་རྒྱུ།
༣་ གྲོས་འདྲིའི་གོ་སྐབས། ཚོང་དང་འབྲེལ་བའི་གནས་དོན་ཐོག་རྒྱུས་བབ་ལམ་སྟོན་བྱ་རྒྱུ།
༤་ སྦྱོང་བརྡར། ཚོང་ཐོག་དོ་དབྱིངས་ཡོད་རིགས་ལ་གཟབ་སྦྱོང་སྤྲོད་རྒྱུ།
༥་ རྒྱུས་སྟོན་ཞབས་ཞུ། ཚོང་ལས་གོང་འཕེལ་གཏོང་རྒྱུའི་རོགས་ཕན།
༢་ དཔལ་འབྱོར་ཡོང་འབབ་སྡེ་ཚན།
དྭང་བླང་དཔྱ་ཁྲལ་གྱི་དམིགས་ཡུལ།
༡་ བོད་མི་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོས་དབུ་འཁྲིད་པའི་བཙན་བྱོལ་གཞུང་ལ་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པར་ངོས་འཛིན་ཡོད་པའི་རྣམ་པ་གསལ་པོར་ཐོན་ཆེད་དང་།
༢་ བཙན་བྱོལ་གཞུང་གི་དཔལ་འབྱོར་རྟག་ཏུ་གཞན་བསྟེན་ཁོ་ནས་འཚོ་མ་དགོས་པར་བོད་མི་རང་གིས་རྒྱབ་སྐྱོར་ཡོད་པ་མཚོན་ཐབས།
༣་ བོད་དོན་བདེན་མཐའ་མ་གསལ་བར་བཙན་བྱོལ་གཞུང་སྲ་བརྟན་གནས་ཐུབ་ཐབས།
༤་ དྭང་བླང་དཔྱ་ཁྲལ་འབུལ་མཁན་རྣམས་ལ་དཔྱ་དངུལ་ལག་དེབ་འདི་བཞིན་བོད་ཀྱི་ཡུལ་མི་ཡིན་པར་ཁྲིམས་མཐུན་གྱི་ངོས་འཛིན་ཐོབ་ཐབས་བཅས་ཡིན།
འདུ་འགོད་ཚན་པའི་སྒེར་བསྒྱུར་ལས་གཞིའི་རྗེས་ཀྱི་ལས་འཆར།
༡་ སྐབས་བཅིུས་པའི་བཀའ་ཤག་གི་དཔལ་འབྱོར་སྲིད་བྱུས་དགོངས་དོན་དཔལ་ལས་ཀྱི་འདུ་འགོད་སྡེ་ཚན་རྣམས་སྒེར་བསྒྱུར་གྱིས་མི་མང་གི་སྐྱེད་བཅོལ་དངུལ་རྣམས་ཕྱིར་སློག་ཞུ་རྒྱུ།
༢་ ཡིད་ཆེས་དགེ་རྩའི་ཁོངས་བོད་གཞུང་གཏན་འཇགས་མ་དངུལ་ཐེབས་རྩའི་མཚན་ཐོག་དཔལ་འབྱོར་འདུ་འགོད་ཀྱི་ལས་གཞི་སྤེལ་རྒྱུ།
༣་ འདུུ་འགོད་ཁོངས་བོད་ཀྱི་མགྲོན་ཁང་ཁག་གཉིས་ཡོད་པ་བོད་མིའི་སྤྱི་མཐུན་མཉམ་སྦྲེལ་ལ་ཚོང་བསྒྱུར་ཐག་གཅོད་ཟིན་ནའང་ཚོང་དངུལ་མ་འབུལ་བར་བོགས་མའི་ཐོག་བཞག་ཡོད་པ་དང་མཉམ་སྦྲེལ་ནས་མགྲོན་ཁང་གཉིས་ཀྱི་རིན་འབབ་འབུལ་ཐུབ་མཚམས་མིང་འགྱུར་བྱ་རྒྱུ་ཡིན།
༤་ བདེ་དོན་ལྷན་ཚོགས་ཁོངས་རྡ་སར་བོད་མིའི་སྤྱི་ཚོགས་སླད་ཁེ་མེད་གྱོང་མེད་ཀྱི་ལམ་ནས་རྡོ་གཞུན་རླངས་རྫས་ལས་ཁང་ཞིག་སྤྱི་ཚོགས་ཞབས་ཞུར་དམིགས་སྟེ་ལས་གཞི་མུ་མཐུད་འགྲོ་མུས་ཡིན།
བོད་གཞུང་གི་གཏན་འཇགས་མ་དངུལ་ཐེབས་རྩ།
༡་ བོད་གཞུང་གི་གཏན་འཇགས་མ་དངུལ་ཐེབས་རྩ་འདི་བཞིན་ ༡༩༩༥ ལོར་འགོ་འཛུགས་གནང་བ་ཡིན།
༢་ བོད་གཞུང་གི་སྔོན་རྩིས་ཐོག་ཕན་ཐོགས་ཡོང་ཆེད་མ་དངུལ་ཐེབས་རྩ་ནས་གསབ་ཐབས་བྱ་བཞིན་ཡོད།
༣་ མ་དངུལ་ཐེབས་རྩའི་དངུལ་འབོར་ཐོག་ལོ་ལྟར་སྐྱེད་ཇི་བྱུང་སྔོན་རྩིས་ཁོངས་འགྲོ་གྲོན་གཏོང་བཞིན་ཡོད།
༤་ གཞུང་དངུལ་ས་གཏན་དང་ཕྱི་མིར་དུས་རྟགས་སྟུ་རེ་མི་དགོས་སླད་མ་དངུལ་ཐེབས་རྩ་འདི་འཛུགས་གནང་བ་ཞིག་ཡིན།
ལག་དེབ་སྔོན་པོའི་ལས་གཞི།
༡་ ལག་དེབ་སྔོན་པོའི་ལས་གཞི་འདི་བཞིན་དྭང་བླང་དཔྱ་དངུལ་ལག་དེབ་ཐོབ་རྒྱུ་ཆ་རྐྱེན་མ་ཚང་བ་བོད་མིར་དགའ་ཞན་ཡོད་པའི་བོད་མི་མིན་པའི་མི་རིགས་གཞན་ཁག་ནས་ཞལ་འདེབས་གནང་བློ་ཡོད་རིགས་སླད་འདུ་འགོད་ལས་གཞི་ཞིག་ཡིན།
༢་ ལས་གཞི་འདི་ ༡༩༩༧ ལོར་འགོ་འཛུགས་ཀྱིས་མི་རིགས་གཞན་ནས་བོད་གཞུང་གི་གཞུང་དངུལ་ལ་ཕན་སླད་ཞལ་འདེབས་ཇི་གནང་ལག་དེབ་སྔོན་པོའི་སྟེངས་བསྐོད་དེ་དོ་བདག་སོ་སོར་འབུལ་བཞིན་ཡོད།
༣་ ལས་གཞི་འདིའི་ཁོངས་དངུལ་ཇི་བྱུང་ཡིད་ཆེས་དགེ་རྩའི་མཚན་ཐོག་གཏན་འཇགས་མ་དངུལ་ཐེབས་རྩའི་ནང་འཇོགས་བཞིན་ཡོད།
ལག་དེབ་སྔོན་པོའི་དམིགས་ཡུལ།
༡་ བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབས་སླད་ལས་གཞིར་རོགས་རམ་ཞུ་རྒྱུ།
༢་ སློབ་གྲ་ཁག་ཡར་རྒྱས་དང་། ལས་རིགས་ཟབ་སྦྱོང་། མཚན་རིག་དང་རྒྱུ་སྩལ་གོང་འཕེལ་སླད་དངུལ་གྲོན་གཏོང་རྒྱུ།
༣་ བོད་གཞུང་གི་ཕྱི་རྒྱལ་ལས་ཁུངས་ཁག་གི་མཐུན་རྐྱེན་སྱོར་རྒྱུ་དང་། འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་རྒྱུ།
༤་ བོད་ནས་གསར་དུ་འབྱོར་བ་རྣམས་ཀྱི་འཚོ་གནས་ཐུབ་ཐབས།
༥་ ཆབ་བཙོན་ཟུར་པ་དང་། བེུད། ཕྲུ་གུའི་ཐོག་འཕྲོད་བསྟེན་གོང་འཕེལ་གཏོང་ཐབས།
༣་གཞུང་གྲོན་སྡེ་ཚན།
སྔོན་རྩིས་ཚན་པ།
༡་ ཚན་པ་འདི་ཡི་ལས་འགན་གཙོ་བོ་བཙན་བྱོལ་བོད་གཞུང་གི་སྤྱི་ཡོངས་སྔོན་རྩིས་ཀྱི་བརྒྱུད་རིམ་སྟངས་འཛིན་ཞུ་རྒྱུ།
༢་ ལས་ཁུངས་ཁག་གི་ལོ་འཁོར་སྔོན་རྩིས་འགྲོ་གྲོན་སྟངས་འཛིན་ཞུ་རྒྱུ་དང་སྤྱི་ཡོངས་ཀྱི་རྩིས་ཁྲ་ཉར་རྒྱུ།
༣་ བཙན་བྱོལ་བོད་གཞུང་གི་སྤྱི་ཡོངས་ཀྱི་དངུལ་རྩིས་གནས་སྟངས་ཉམས་ཞིབ་ཞུ་རྒྱུ་དང་། ལོ་རེའི་སྔོན་རྩིས་ཡོང་དམིགས་ཁག་སྟངས་འཛིན་ཞུ་རྒྱུ།
༤་ ལས་ཁུངས་ཁག་གི་སྔོན་རྩིས་དང་བསྐྱར་བཅོས་སྔོན་རྩིས་གང་རུང་ནང་མ་གསལ་བའི་བར་བརྒལ་སྔོན་རྩིས་བཀའ་འཁྲོལ་ཞུ་སྙན་ཁག་བཀའ་འཁྲོལ་སོན་ཐབས་བྱ་རྒྱུ།
༥་ ཚན་པ་འདི་ནས་ལས་ཁུངས་ཁག་ཡོངས་ལ་དགོས་མཁོའི་སྔོན་རྩིས་དང་དངུལ་རྩིས་སྟངས་འཛིན་སྒྲིག་གཞིའི་གོ་རྟོགས་ལམ་སྟོན་དུས་ནས་དུས་སུ་ཞུ་ཡི་ཡོད།
༦་ ཚན་པ་འདི་དགོས་ངེས་ཀྱི་སྔོན་རྩིས་དང་དངུལ་རྩིས་སྟངས་འཛིན་དང་འབྲེལ་བའི་སྒྲིག་གཞི་གོ་བ་གསལ་པོ་ཞུ་རྒྱུ་མ་ཟད་སྒྲིག་གཞི་བསྐྱར་བཅོས་དང་འབྲེལ་བའི་ཁྲིམས་འཆར་རག་ཟིན་རྣམས་བཟོ་རྒྱུའི་འགན་ཡང་ཡོད།
གཞུང་གྲོན་ཚན་པ།
༡་ ཚན་པ་འདི་བཙན་བྱོལ་བོད་གཞུང་གི་གཞུང་གྲོན་དང་འབྲེལ་བའི་སྲིད་བྱུས་ཐོག་ཉམས་ཞིབ་བྱ་རྒྱུ་དང་། དེ་ལྟའི་སྒྲིག་གཞི་ཁག་དུས་ནས་དུས་སུ་བསྐྱར་ཞིབ་བྱ་རྒྱུ།
༢་ གཞུང་ཞབས་ལས་བྱེད་པའི་གསོལ་ཕོགས་གཏན་འབེབས་དང་དུས་ནས་དུས་སུ་ལོ་རེའི་ཡུལ་ཐང་གུན་གསབ་སྤར་ཆའི་རྒྱབ་གཉེར་ཞུ་རྒྱུ། དེ་བཞིན་གཞུང་ཞབས་ལས་བྱེད་པའི་སྤྱིར་གུན་གསབ་ཁག་བསྐྱར་ཞིབ་ཞུ་དགོས།
༣་ གཞུང་ཞབས་བགྲེལ་ཡོལ་བའི་ཐོབ་ཐང་ཁག་གཏན་འབེབས་དང་བགོ་འགྲེམས་ཞུ་རྒྱུ་དང་། དེ་བཞིན་གཞུང་ཞབས་ལས་བྱེད་པའི་གསོག་དངུལ་བགོ་འགྲེམས་དང་རྩིས་ཁྲ་ཉར་གསོག་བྱ་རྒྱུ།
༤་ བཙན་བྱོལ་བོད་གཞུང་གི་སྣུམ་འཁོར་ཁག་བཏང་འཛིན་ཞུ་རྒྱུ།







